60234

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་སོ་གཉིས་པ། རབ་བྱུང་བཅོ་ལྔ་པའི་མེ་ཕོ་འབྲུག་ཕྱི་ལོ་ ༡༩༡༦ ལོར་ལྷོ་མདོ་མཁར་དུ་ཡབ་གྭ་ཟི་བསྟན་འཛིན་རྣམ་རྒྱལ་དང་ཡུམ་ཀུན་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གོང་ས་སྐུ་ཕྲེང་བཅུ་གསུམ་པའི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ་ཞེས་བསྩལ། ཕྱི་ལོ་་༡༩༣༤་ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་བཞུགས་ཤིང་། དུས་འགྱུར་སྐབས་བླ་སྤྲུལ་ཆེ་ཁག་སྤྱི་ཕལ་ཆེ་བ་ལྟར་བཙུན་དུ་ཚུད་ཅིང་ལོ་ངོ་ཉི་ཤུ་བཞུགས་དགོས་བྱུང་། ཕྱི་ལོ་་༡༩༧༩་ལོར་གུ་ཡངས་སྲིད་བྱུས་ཟེར་བའི་སྐབས་གློ་གྲོལ་བཏང་སྟེ། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པའི་མཚན་གནས་སྤྲད། ཕྱི་ལོ་་༡༩༨༠་ཐམ་པའི་ལོར་བཙན་བྱོལ་དུ་ཕེབས་ཏེ་འབྲས་ལྗོངས་ཀྱི་རྒྱལ་སར་གནང་མནང་མཛད། ས་གནས་དེར་ཕྱིས་སུ་སྟག་ལུང་པའི་ཆོས་སྡེ་ཞིག་བཞེངས་སྐྲུན་གྱི་ས་བོན་འདེབས་མུས་འཕྲོ་ཅན་དུ་ལུས་ཏེ་ཕྱི་ལོ་ ༡༩༩༥ ལོར་སྐུ་གཤེགས།

{{#arraymap:ཞབས་དྲུང་ཐུབ་བསྟན་བྱང་ཆུབ་ཆོས་ཀྱི་ཉི་མ་

|; |@@@ | | }}