60244

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞབས་བཞི་ (1)
Part of speech མིང་ཚིག
Definition བོན། རྣམ་རྒྱལ་ལྷ་བཅུ་ལས་ཁྲོ་བོ་བཞིའི་ཞབས་ལ་ལྡན་པའི་རྫུ་འཕྲུལ་གྱི་རྣམ་པ་སྟེ། བཞི་ནི། གཡུང་དྲུང་གི་ཞབས་དང། འཁོར་ལོའི་ཞབས། པད་མའི་ཞབས། རིན་ཆེན་གྱི་ཞབས་དང་བཞི་སྟེ། གཟི་བརྗིད་པོད་བཅུ་གཅིག་ལས། རིན་ཆེན་ཞབས་ནི་འབར་བའོ། །གཡུང་དྲུང་ཞབས་ནི་གཡས་བསྐོར་རོ། །འཁོར་ལོའི་ཞབས་ནི་དགུ་བསྐོར་རོ། །པད་མའི་ཞབས་ནི་འདབ་བརྒྱད་དོ། །ཞེས་སོ། ། མེ་རིའི་ཞབས་དང་། གཡུང་དྲུང་གི་ཞབས། འཁོར་ལོའི་ཞབས། པད་མའི་ཞབས་དང་བཞི་སྟེ། མདོ་གཟེར་མིག་ལས། ཞབས་བཞི་ཤིན་ཏུ་བསྒྲད་པ་ནི། མེ་རིའི་ཞབས་ནི་འབར་བའོ། །གཡུང་དྲུང་ཞབས་ནི་ལྔ་སྐོར་རོ། །འཁོར་ལོའི་ཞབས་ནི་དགུ་སྐོར་རོ། །པད་མའི་ཞབས་ནི་འདབ་བརྒྱད་དོ། །ཞེས་སོ། །ཞབས་ལ་ལྡན་པའི་རྫུ་འཕྲུལ་དང་དེའི་བྱེད་ལས་སོགས་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:ཞབས་བཞི་

|; |@@@ | | }}