60384

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞལ་བསྲོའི་རྗས་ (1)
Part of speech མིང་ཚིག
Definition བོན། དབང་པོ་སྒོ་གསལ་ཞལ་བསྲོའི་རྫས་ཞིག་སྟེ། སྟོན་པ་ཐུགས་རྗེ་ཅན་གྱིས་སེམས་ཅན་གྱི་དབང་པོ་ནི་བྱང་འཕགས་དང་སངས་རྒྱས་ཀྱི་དབང་པོ་ཇི་བཞིན་ཡོང་ཆེད་ཀུན་དབྱིངས་ཆོ་ག་སོགས་ལས་དབང་པོ་སྒོ་གསལ་གྱི་ཆོ་ག་སྤེལ་ཡོད། དེ་ལ་མཁོ་བའི་རྫས་ནི། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། དབང་པོ་སྒོ་གསལ་བ་ལ། དར་དཀར་གྱི་ཞལ་ཕྱིས་དང། དུང་གི་སོ་མང་དང་། གསེར་གྱི་སྤུར་ལེན་དང། དངུལ་གྱི་ཐུར་མ་དང། གཡུ་ཡི་པད་མོ་དང། ཟངས་ཀྱི་པད་མ་དང། ལྷབ་ལྷུབ་ན་བཟའ་དང་། ལྷ་གཉེན་གྱི་ཤེལ་སྒོང་རྣམས་ཐོགས་ནས། ཞེས་སོ། །
Domain ཆོས་ལུགས།
ཞལ་བསྲོའི་རྗས་ (2)
Part of speech མིང་ཚིག
Definition བཀྲ་ཤིས་ཞལ་བསྲོ་སྟེ་བདེ་བར་གཤེགས་པའི་རྟེན་གསུམ་སོགས་ཞལ་བསྲོ་བའམ་བཀྲ་ཤིས་རབ་གནས་སྐབས་སུ་མཁོ་བའི་རྗས་ཞིག་སྟེ། རྫས་ནི། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། བཀྲ་ཤིས་རྫས་བརྒྱད་དང། རིན་ཆེན་ནོར་བདུན། ཞལ་ཟས་སྤྱན་གཟིགས་དང། སྨྲ་མཁན་ནེ་ཙོ་དང་། གསུང་སྙན་ཁུ་བྱུག་དང་། གཡུ་ཡི་རྟ་ཕོ་དང། འདོད་འཇོའི་བ་མོ་དང། དུང་གི་གླང་པོ་དང། དེ་རྣམས་ཚོགས་པར་བསགས་ལ། ཕྱག་རྒྱ་གཡས་གཡོན་དུ་བསྒྱུར་ཞིང་ཞལ་བསྲོའི་རྫས་རྣམས། ཞེས་སོ། །