60403

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞལ་འདམ་ཡང་དག་པ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། ཞལ་འདམ་ཡང་དག་པ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་གདན་དྲངས། འདིའི་ནང་དོན་ལ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཙུག་ལག་ཁང་དང་སྒྲུབ་པའི་གནས༔ ཡིད་དང་མཐུན་པར་བྱ་བའི་ཕྱིར༔ ཞ་ལའི་བཟོ་ཡིག་བསྟན་པར་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ ཞེས་གསུངས་པ་ལྟར། སྒྲུབ་གནས་དང་གཙུག་ལག་ཁང་སོགས་ཀྱི་ཞལ་བ་སོགས་ཀྱི་སྦྱོར་བྱ་ཚུལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་བསྟན།