61017

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞེ་སྡང་མེད་པ་ (1)
Part of speech མིང་ཚིག
Definition མངོན་པ། ཞེ་སྡང་མེད་པ་ཞེས་པ་ནི། ཞེ་སྡང་སྐྱེ་བའི་ཡུལ་གསུམ་གང་རུང་ལ་དམིགས་ནས་ཞེ་སྡང་སྐྱེ་བ་བཅོམ་ཞིང་། ཀུན་ནས་མནར་སེམས་མེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཞེ་སྡང་མེད་པ་གང་ཞེ་ན། སེམས་ཅན་རྣམས་དང་། སྡུག་བསྔལ་དང། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པ་སྟེ། ཉེས་པར་སྤྱོད་པ་ལ་མི་འཇུག་པའི་ལས་ཅན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཞེ་སྡང་མེད་པ་

|; |@@@ | | }}