61046
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཞེན་ཡུལ་གྱི་མཚན་ཉིད་ནི། ཞེན་ནས་རིག་པར་བྱ་བའོ། །མཚན་གཞི་ཞེན་པའི་གཞི་ལ་ཞེན་ཡུལ་དུ་བྱས་པ་དང་། ཞེན་སྟངས་ཀྱི་གཟུང་བྱ་ལ་ཞེན་ཡུལ་དུ་བྱས་པ་དང། ཞེ་ཕུགས་ཀྱི་འདོད་ཡུལ་ལ་ཞེན་ཡུལ་དུ་བྱས་པ་དང་གསུམ་མོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། ཞེན་ཡུལ་གྱི་མཚན་ཉིད་ནི། རང་འཛིན་སྟངས་ཀྱིས་གཙོ་བོར་བྱེད་པའི་བློས་ཞེན་ནས་རིག་པར་བྱ་བ། དེ་ལ་དབྱེ་ན་རྟོག་པ་ཚད་མའི་ཞེན་ཡུལ་དང་། བཅད་ཤེས་ཀྱི་ཞེན་ཡུལ་གཉིས། དང་པོ་ནི། རྗེས་དཔག་ཚད་མའི་འཇུག་ཡུལ་རྣམས་སོ། །གཉིས་པ་ནི། ཚད་མ་གཉིས་ཀྱི་འཇུག་ཡུལ་དེ་ཉིད་དེས་དྲངས་པའི་བཅད་ཤེས་ཀྱི་ཞེན་ཡུལ་དུ་འགྱུར་བ་ལྟ་བུའོ། །ཞེན་ཡུལ་ནི་རྟོག་པ་དོན་མཐུན་རྣམས་ལ་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། ཞེན་ཡུལ་གྱི་མཚན་ཉིད་ནི། རང་འཛིན་རྟོག་པས་ཞེན་པར་བྱ་བ། ཡང་ན། རང་འཛིན་རྟོག་པ་དོན་མཐུན་གྱིས་ཞེན་པར་བྱ་བ་དེ་ཞེན་ཡུལ་གྱི་མཚན་ཉིད་ཡིན་ཏེ། སྤྱིར་ཞེན་ཡུལ་ཡིན་ན་ཡོད་པས་ཁྱབ་ཅིང་། རང་འཛིན་རྟོག་པའི་ཞེན་ཡུལ་ཡིན་ན་ཡོད་པས་མ་ཁྱབ་པའི་ཕྱིར། དབྱེ་བ་ལ། ཡུལ་ཅན་གྱི་སྒོ་ནས་རྟོག་པ་ཚད་མའི་ཞེན་ཡུལ་དང་། བཅད་ཤེས་ཀྱི་ཞེན་ཡུལ་གཉིས། དང་པོ་ནི། སྒྲ་མི་རྟག་པ་དེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཞེན་ཡུལ་ཡིན་པ་ལྟ་བུའོ། །གཉིས་པ་ནི། སྔོན་པོ་དེ་ཚུར་མཐོང་གི་བརྒྱུད་ཀྱི་སྔོན་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་ངེས་པའི་བཅད་ཤེས་ཀྱི་ཞེན་ཡུལ་ཡིན་པ་ལྟ་བུའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེེར་ལས་སོ། ། |
Domain | ཚད་མ། |
{{#arraymap:ཞེན་ཡུལ་
|; |@@@ | | }}