61073

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞོ་འཐུང་རུས་པ་ (1)
Part of speech མིང་ཚིག
Definition ཁྱབ་འཇུག་གི་རྡོ་རྗེའི་མིང་སྟེ། སྔོན་བདུད་རྩི་འཕྲོག་པ་ལས་ལྷ་དང་ལྷ་མ་ཡིན་འགྲས་པར་གྱུར་པས་རྡེག་པར་འདོད་པ་ན། དེ་དག་ལ་མཚོན་ཆ་མེད་པས་བསྣུན་པར་མ་ནུས་པ་དང་། ཕུར་བུས་ལྷ་རྣམས་ལ་སྨྲས་པ། པྲ་ཙ་ཞེས་བྱ་བའི་དྲང་སྲོང་ཆེན་པོའི་བུ་ཞོ་འཐུང་ཞེས་བྱ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པར་འགྱུར་པས། དེའི་རུས་པ་རྡོ་རྗེར་གྱུར་པ་ཡོད་དེ། དེའི་རུས་པ་བླངས་ནས་མཚོན་ཆར་བྱས་ན་ས་གསུམ་ལས་རྒྱལ་བར་ནུས་པར་འགྱུར་བས། དེ་སློངས་ལ་མཚོན་དེས་ལྷ་མ་ཡིན་གཞོལ་པར་རིགས་སོ་ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་དྲང་སྲོང་དེ་ལ་གསོལ་བ་བཏབ་སྟེ་བསླངས་སོ། །དེས་ཀྱང་དེ་རྣམས་ལ་ཕན་གདགས་པའི་ཕྱིར་ལུས་ལ་བལྡག་ཏུ་བཅུག་སྟེ། རུས་པ་འབའ་ཞིག་ལུས་པར་བྱས་ནས་དེ་དག་ལ་བྱིན་ནོ། །དེ་ནས་ལུས་ཐམས་ཅད་པས་རྩིབ་ལོགས་ཀྱི་རུས་པ་ལས་རྡོ་རྗེ་བྱས་པ་ནི་ཁྱབ་འཇུག་གིས་ཁྱེར་རོ། །

{{#arraymap:ཞོ་འཐུང་རུས་པ་

|; |@@@ | | }}