61096

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:13, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞོ་སྟོན་རི་ཁྲོད་ཐུབ་བསྟན་དར་རྒྱས་གླིང་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པ་ཕྱི་ལོ་ ༡༥༣༤ ལོའི་མཁར་དྲུང་བསོད་ནམས་བཀྲ་ཤིས་ཀྱིས་མཁར་ལུགས་ཕུར་པའི་མཚམས་གྲྭ་ཞིག་བཏབ་པ་ལ་རི་ཁྲོད་ཀྱི་མིང་ཆགས། དེ་རྗེས་རི་བོ་ཆེའི་ཁྲི་རབས་ཉི་ཤུ་པ་རྗེ་དྲུང་སྐུ་ཕྲེང་བདུན་པ་བྱམས་པ་འབྱུང་གནས་ཀྱིས་རི་ཁྲོད་རྒྱ་བསྐྱེད་གནང་ཞིང་ཐུབ་བསྟན་དར་རྒྱས་གླིང་ཞེས་པའི་མཚན་བཏགས། ལོ་ལྟར་གྱི་དབྱར་དགུན་སོ་སོར་པདྨ་གསང་ཐིག་གི་བདུན་སྒྲུབ་དང་། བོད་ཟླ་༩པར་སྨྱུང་གནས་དང་། དེ་བཞིན་ཟླ་རེ་བཞིན་ཚེས་༡༠ཉེར་ལྔ་མ་ཆགས་པ་མཛད། དེ་རྗེས་སོག་པོ་བླ་མ་ཟླ་བཟང་གིས་ལོ་བཞིའི་ལྷག་ལ་བསྐྱངས། རིག་གསར་སྐབས་ཐམས་ཅད་རྩ་མེད་དུ་བཏང་། སླར་ཡང་ཕྱི་ལོ་ ༡༩༨༡ ལོར་ལྷ་རྗེ་བློ་དགའ་ནས་ཉམས་གསོ་བྱས། སློབ་དཔོན་ཚེ་དང་། དཔལ་ལྡན་མི་འགྱུར་སོགས་གདན་འདྲེན་ཞུས་ནས་མཁར་ལུགས་ཕུར་པའི་སྒྲུབ་ཆེན། བཀའ་བརྒྱད་གསང་རྫོགས་ཀྱི་སྒྲུབ་པ་མདོས་ཟློག་སྦྲགས་མ། པད་གསང་། ཚེ་སྒྲུབ་གསང་འདུས་སོགས་ལོ་རེ་བཞིན་རྒྱུན་འཚོགས་དང་། ལྷག་པར་ཀཿཐོག་མཁན་པོ་པདྨ་རང་གྲོལ་གྱི་དངོས་སློབ་རི་བོ་ཆེ་དགོན་པའི་མཁན་ཤེས་རབ་དཔལ་བཟང་རི་ཁྲོད་འདིར་ལོ་༡༠ལྷག་ལ་བཞུགས། ད་ལྟ་གྲྭ་༣༠ལྷག་ཡོད།

{{#arraymap:ཞོ་སྟོན་རི་ཁྲོད་ཐུབ་བསྟན་དར་རྒྱས་གླིང་

|; |@@@ | | }}