61167

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་བ་ཆོས་དཔལ་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་མེ་ཁྱི་ཕྱི་ལོ་ ༡༤༠༦ ལོར་ཉང་ཁ་པའི་ཁེ་ལུང་བྲག་མདོར་ཡབ་བསམ་གྲུབ་དང་། ཡུམ་བལ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་ངོ་མ་ཚར་བའི་ལྟས་བཟང་མང་དུ་བྱུང་། དགུང་ལོ་བརྒྱད་པར་བླ་མ་ཆོས་བཟང་ལས་ཕག་མོ་དང་། རྒྱལ་བ་རྒྱ་མཚོ། བེར་ནག་ཅན་རྣམས་ཀྱི་དབང་སྒྲུབ་ཐབས་རྣམས་དང་། ཆོས་རྗེ་དེ་བཞིན་གཤེགས་པ་ལས་ཆོས་དྲུག་དང་། ཕྱག་ཆེན། རླུང་སེམས་གཉིས་མེད། རྫོགས་ཆེན། རིམ་ལྔ། རྒྱུན་འབུམ་སོགས་ལེགས་པར་གསན། དགེ་སློང་དབོན་གྲགས་པ་ལས་རྒྱུད་བཅུ་བདུན་སྙིང་ཐིག་དང་བཅས་པ་གསན། ཆོས་རྗེ་དེ་བཞིན་གཤེགས་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་ཆོས་དཔལ་ཡེ་ཤེས་གསོལ། མཁན་པོ་སྟག་རྩེ་ཆོས་རྗེ་དང་། སློབ་དཔོན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་ནས་རབ་བྱུང་བསྒྲུབས། ཏཱ་མིང་རྒྱལ་པོས་རྡོ་རྗེ་འཆང་གི་སྐུ་དང་། རྡོ་རྗེ་དྲིལ་བུ། གན་དཀར་སོགས་ཕུལ། བཅུ་གསུམ་པར་སྙེ་བོར་བྱོན་ནས་ཆོས་མཛད་བསྐྱངས། བཅོ་བརྒྱད་པར་མཁན་ཆེན་བསོད་ནམས་བཟང་པོ་ལས་བསྙེན་པར་རྫོགས། བཀའ་བཞི་རིགས་པའི་རལ་གྲི་ལས་རྗེ་རང་བྱུང་རྡོ་རྗེའི་བཀའ་འབུམ་དང་། བྱམས་ཆོས་སྡེ་ལྔ། རྩ་ཤེར་དང་བཅས་དང་། བླ་མ་རིན་བཟང་ལས་རི་ཆོས་སྐོར་སོགས་དང་། བླ་མ་གངས་པ་དབང་ཕྱུག་རྒྱལ་མཚན་ལས་ནི་གུའི་ཆོས་སྐོར། ཚལ་པའི་ཆོས་སྐོར། དོ་ཧ་བཅས་དང་། མཚུར་སྟོན་ཆོས་ཀྱི་རིན་ཆེན་ལས་བརྟག་གཉིས། ཀུན་སྤྱོད་རྣམས་ཀྱི་རྣམ་བཤད་སོགས་གསན་ནས་མཁས་པར་གྱུར། ཙ་རི་རིན་ཕུག་དགོན་པ་བཏབ། སྐུ་ཚེ་གང་བོར་འོ་ཕུག་སོགས་ཡུལ་གྲུ་མང་པོར་ཕེབས། ཞེ་བདུན་པ་རབ་བྱུང་བརྒྱད་པའི་ཆུ་སྤྲེལ་ཕྱི་ལོ་ ༡༤༥༢ ལོར་སྐུ་གཤེགས། ཞྭ་དམར་བའི་སྐུ་ཕྲེང་གསུམ་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཆོས་རྗེ་མཐོང་བ་དོན་ལྡན་དང་། སྟག་ལུང་ཀུན་སྤངས་བྱང་ཆུབ་རྒྱ་མཚོ། གུ་ཤྲཱི་དཔལ་འབྱོར་དོན་གྲུབ། འགོས་ལོ་གཞོན་ནུ་དཔལ། ཆོས་རྒྱལ་ནམ་མཁའ་བློ་གྲོས་བཅས་ཡིན།
Synonyms ཆོས་དཔལ་ཡེ་ཤེས།

{{#arraymap:ཞྭ་དམར་བ་ཆོས་དཔལ་ཡེ་ཤེས་

|; |@@@ | | }}