61169

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་བ་དཀོན་མཆོག་ཡན་ལག་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ཤིང་བྱ་ཕྱི་ལོ་ ༡༥༢༥ ལོར་ཀོང་པོའི་ས་སྟོད་དགའ་ལྡན་ཁང་གསར་དུ་ཡབ་རྒྱལ་པོ་མཚན་ལྡན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཡི་གེའི་སྦྱོར་ཀློག་ལེགས་པར་སྦྱངས། རྗེ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཞྭ་དམར་པའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བཞི་པར་ཀཱ་རི་ཀ་དང་། ལྔ་བཅུ་པ། ཟབ་མོ་ནང་དོན། སུམ་རྟགས་དག་གསུམ་སོགས་ལ་ཐོས་བསམ་མཛད། བརྒྱད་པར་རྗེའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་དཀོན་མཆོག་འབངས་ཞེས་གསོལ། ཞྭ་དམར་གྱི་ཅོད་པན་ཡང་གནང་། སྨོན་འཇུག་གི་སེམས་བསྐྱེད་ཀྱི་སྡོམ་པ་དང་། ནི་གུ་ཆོས་དྲུག་གི་དབང་ལུང་ཁྲིད་གསུམ་སོགས་གསན། བདེ་སྟོང་གི་རྣལ་འབྱོར་ཅི་ཡང་ཤར། ཆོས་རྗེ་མི་སྐྱོད་རྡོ་རྗེ་དང་། དཔའ་བོ་གཙུག་ལག་ཕྲེང་བ་སོགས་བསྟེན། བཀའ་བརྒྱུད་ཀྱི་གདམས་པ་མ་ལུས་པ་གསན། ཆོས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་རིགས་བདག་ཏུ་གྱུར། ང་དགུ་པ་རབ་བྱུང་བཅུ་པའི་ཆུ་ལུག་ཕྱི་ལོ་ ༡༥༩༣ ལོར་སྐུ་གཤེགས། ཞྭ་དམར་བ་སྐུ་ཕྲེང་ལྔ་བ་ཡིན། སློབ་མ་གྲགས་ཆེ་བ་ནི་ཀརྨ་པ་དབང་ཕྱུག་རྡོ་རྗེ་བཅས་ཡིན། གསུང་རྩོམ་ནི་མདོ་སྔགས་སྐོར་གྱི་བསྟན་བཅོས་སྡེ་ཚན་ལྔར་བསྡུས་པ་གླེགས་བམ་བརྒྱད་ཙམ་བཞུགས།
Synonyms ཞྭ་དམར་དཀོན་མཆོག་འབངས།

{{#arraymap:ཞྭ་དམར་བ་དཀོན་མཆོག་ཡན་ལག་

|; |@@@ | | }}