61170

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་མདོ་སྨད་དུ་ཡབ་པད་མིག་དང་། ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་ལ་མོ་བདེ་ཆེན་དགོན་དུ་རོང་པོ་ཨ་ལགས་ལས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་བསླབས། བརྒྱད་པར་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ལས་རབ་ཏུ་བྱུང་། ལ་མོ་བདེ་ཆེན་དགོན་གྱི་ཆོས་གྲྭར་འཛུལ། མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། བཅུ་དྲུག་པར་བླ་གཞུང་གི་དྲུང་ཡིག་མཛད། ཉེར་བདུན་པར་ཁུ་ལུགས་དགེ་བཤེས་ཉི་མ་རིན་ཆེན་ལས་བསྙེན་པར་རྫོགས། སོ་བཞི་པར་ར་རྒྱ་དགོན་དུ་པོད་ལྔའི་དམ་བཅའ་བཞག། ལོ་ལྔ་བཅུའི་བར་དུ་སྐུ་མཚམས་བཞུགས། ང་བདུན་པར་ལ་མོ་བདེ་ཆེན་དགོན་དུ་རྒྱུན་ཇའི་ཐེབས་རྩ་བཙུགས། རེ་གཅིག་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོར་སྐུ་གཤེགས། རྗེ་ཞྭ་དམར་བ་སྐུ་ཕྲེང་བཞི་པ་ཡིན། གསུང་རྩོམ་ནི་སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལས་བྱུང་བའི་རྒྱན་རྣམས་ཀྱི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་དང་། སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་རྒྱན་རྣམས་ཀྱི་དོགས་གཅོད་འཕྲོ་ཅན། དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལས་བརྩམས་པའི་ཟིན་བྲིས་བཅོམ་ལྡན་ཡིད་ཀྱི་མུན་སེལ་བཅས་པོད་དགུ་བཞུགས།

{{#arraymap:ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}