61173

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་བ་ཚུལ་ཁྲིམས་དཔལ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་བྱི་ཕྱི་ལོ་ ༡༠༩༦ ལོར་དབུ་རུ་སྟོད་དུ་ཡབ་དགེ་བསྙེན་འབྱུང་སོང་དང་། ཡུམ་སྒྲོལ་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོ་ག་མཁྱེན། རྗེ་སྒམ་པོ་བ་བསོད་ནམས་རིན་ཆེན་དང་། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ཁུ་དབོན་གཉིས་ལས་རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་དང་། སྙན་བརྒྱུད་ཀྱི་གདམས་པ་གསན། བཅུ་དགུ་པར་རྗེ་སྒམ་པོ་བ་ཁུ་དབོན་གཉིས་ལས་ཆིག་རྫོགས་མཛད། མཚན་ལ་ཚུལ་ཁྲིམས་དཔལ་ཞེས་གསོལ། བཀའ་གདམས་པའི་བཤེས་གཉེན་མང་པོ་བསྟེན། བཀའ་གདམས་པའི་གཞུང་དང་མན་ངག་མ་ལུས་གསན། རྗེ་རས་ཆུང་པ་སོགས་བླ་མ་མང་དུ་བསྟེན། སྙན་བརྒྱུད་ཀྱི་གདམས་རྒྱུན་གསན། རྗེ་སྒམ་པོ་བ་ཁུ་དབོན་རྣམ་གཉིས་རྩ་བའི་བླ་མར་གཟུང་། ཆོས་རྗེ་དུས་གསུམ་མཁྱེན་པ་རྗེ་དྭགས་པོ་ཁུ་དབོན་དང་མཇལ། རབ་བྱུང་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༡༣༢ ལོར་སྐུ་གཤེགས།

{{#arraymap:ཞྭ་དམར་བ་ཚུལ་ཁྲིམས་དཔལ་

|; |@@@ | | }}