61175

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་བ་ཡེ་ཤེས་སྙིང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ལུག་ཕྱི་ལོ་ ༡༦༣༡ ལོར་རྨ་སྨད་འགུ་ལོག་ཏུ་ཡབ་ཚེ་རྒྱལ་འབུམ་དང་། ཡུམ་སྟོང་འཁོར་ལུ་གུ་སྒྲོན་གཉིས་ཀྱིས་སྲས་སུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ལོ་ཕྱི་ལོ་ ༡༦༩༤ ལོར་སྐུ་གཤེགས། རྗེ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་གནང། རྗེ་དེ་ལས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་གཙོས་དབང་ལུང་ཁྲིད་གསུམ་དང་། ཀར་ལུགས་ཀྱི་ཕྱག་བཞེས་སོགས་ཉམས་ལེན་དང་རྩལ་སྦྱོང་མཛད། རྗེ་ཆོས་དབྱིངས་རྡོ་རྗེའི་དྲུང་ནས་བསྙེན་པར་རྫོགས་པ་དང་། བཀའ་འགྱུར་གྱི་ལྗགས་ལུང་སོགས་གསན། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་སློབ་ཀརྨ་འགྱུར་མེད་ལས་གྲོ་ལོད་ཀྱི་དབང་ལུང་སོགས་གསན། འཇང་ཡུལ་སོགས་སུ་ཆོས་འཁོར་སྐོར། ཀརྨ་ཡེ་ཤེས་རྡོ་རྗེ་ངོས་འཛིན་མཛད། ཁྲིད་དང་དབང་ལུང་སོགས་གནང་ནས་བླ་མར་མཛད། ཀ་དག་ཐོད་རྒལ་གྱི་ལམ་རྟགས་བསམ་གྱིས་མི་ཁྱབ་པར་བརྙེས། ཞྭ་དམར་སྐུ་ཕྲེང་བདུན་པ་ཡིན། གསུང་རྩོམ་ནི་རྣམ་ཐར་དད་པའི་དགའ་སྟོན་དང་། རྣམ་ཐར་པད་དཀར་ཕྲེང་བ། ཞལ་གདམས་སྨོན་ལམ་བཅས་བཞུགས།

{{#arraymap:ཞྭ་དམར་བ་ཡེ་ཤེས་སྙིང་པོ་

|; |@@@ | | }}