61178

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་མདོ་སྨད་མཚོ་སྔོན་ཨ་རིག་ཏུ་ཡབ་ཞྭ་དམར་ཡི་དམ་སྐྱབས་དང་ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས་ཕྱི་ལོ་ ༡༨༠༧ ལོར་འཁྲུངས། ལ་མོ་བདེ་ཆེན་དུ་གཞུང་ཆེན་ཁག་དང་སུམ་རྟགས་སྙན་ངག་སྡེབ་སྦྱོར་རྩིས་དཀར་ནག་སོགས་ལ་སྦྱངས་པས་མཁས་པའི་ཕུལ་དུ་སོན། རྔ་སྒར་བྱང་ཆུབ་གླིང་དང་ལ་མོ་བདེ་ཆེན་གྱི་ཁྲིར་ཕེབས། ཁྲི་ཁུར་ཕོག་རྗེས་རྗེ་གསེར་ཁང་བ་ལས་ཟབ་ཆོས་མཐའ་ཡས་པ་གསན། ལམ་རིམ་ཆེན་མོ་དང་སྔགས་རིམ། བྱམས་ཆོས་སྡེ་ལྔ། ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། མདོ་སྡུད་པ། སྤྱོད་འཇུག་ཆེན་མོ་རྣམས་ཐུགས་ལ་བཞུགས་ཤིང་རྒྱུན་པར་སྐྱོར་སྦྱང་གནང། རི་ཁྲོད་དུ་བཞུགས་སྐབས་བྱ་དང་རི་དྭགས་སོགས་འཇིགས་པ་མེད་པར་སྐུ་པང་དང་འཁྲིས་སུ་བག་ཕེབས་པར་འདུག་པ་གཞན་གྱིས་མཐོང། དགུང་ལོ་སོ་བརྒྱད་པར་སོག་ཡུལ་དང་རི་བོ་རྩེ་ལྔར་བྱོན། པེ་ཅིན་དུ་ཕེབས་ཏེ་ཙན་དན་ཇོ་བོར་མཇལ། རིམ་གྱིས་ཁམས་མགར་ཐང་དུ་བྱོན་ཏེ་མི་ཉག་ཚུལ་ཁྲིམས་རྣམ་རྒྱལ་དང་ཆོས་གསན་རེས་མཛད། དབུས་སུ་ཕེབས་པའི་ལམ་བར་དུ་རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་སྐུ་གཤེགས།

{{#arraymap:ཞྭ་དམར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}