61180

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་དམར་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་མཚོ་སྔོན་མདའ་བཞིའི་བ་རོན་དུ་ཡབ་ཀུན་བྷོ་དང་ཡུམ་ཕྱུག་མོ་འཚོ་གཉིས་ཀྱི་སྲས་སུ་རབ་རྒྱལ་ཆུ་སྦྲུལ་ཕྱི་ལོ་ ༡༩༥༠ ལོར་འཁྲུངས། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། དགུང་ལོ་བཞི་པར་གདན་ས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་གསེར་ཁྲིར་མངའ་གསོལ། ཕྱི་ལོ་༡༩༥༨ལོའི་ཡ་ང་བའི་དུས་འགྱུར་གྱི་རྐྱེན་གྱིས་འཁྲུངས་ཡུལ་དུ་ཕེབས་ཏེ་ཕྱུགས་ཟོག་འཚོ་སྐྱོང་མཛད། ཐུབ་བསྟན་ཡང་དར་གྱི་དུས་སུ་གདན་ས་བཀྲ་ཤིས་ཆོས་སྡིངས་ཆོས་དང་ཟང་ཟིང་གིས་བསྐྱངས་ཤིང་ཡོངས་འཛིན་རིན་པོ་ཆེ་ཞོ་འོང་ཕུན་ཚོགས་དར་རྒྱས་མཆོག་གི་ཞལ་སྔ་ནས་རབ་ཏུ་བྱུང་ཞིང་ཆོས་བཀའ་མང་པོ་གསན། རབ་རྒྱལ་མེ་ཡོས་ཕྱི་ལོ་༡༩༨༧ ལོར་དགོངས་པ་རྫོགས།

{{#arraymap:ཞྭ་དམར་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་

|; |@@@ | | }}