61182
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ཉིད་རབ་བྱུང་བཅུ་བཞི་བའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར། མདོ་སྨད་མཚོ་སྔོན་མདའ་བཞི་ཉིན་ཐུབ་ཤོག་ཁའི་ཞྭ་དམར་ཚོ་བར་ཡབ་བན་མུན་དང་ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བསྟན་པའི་ཉི་མ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། ལ་མོ་སྡེ་ཆེན་དང་། རོང་བོ་དགོན། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་གཞུང་ཆེན་ཁག་དང་སྒྲ་སྙན་ངག་སྡེབ་སྦྱོར་སྐར་རྩིས་གསོ་བ་རིག་པ་སོགས་ལ་སྦྱང་པ་མཐིལ་ཕྱིན་གནང་ནས་གནས་ལྔ་རིག་པའི་པཎྚི་ཏ་ཆེན་པོར་གྱུར། ཕྱི་ལོ་༡༩༠༣ ལོར་ངྷཱིཿཚ་རི་ཁྲོད་དགེ་ལྡན་བཀྲ་ཤིས་ཆོས་གླིང་ཕྱག་བཏབ། བྱང་གི་དགོན་ཆེན་བཞི་དང་རོང་བོ་དགོན་སོགས་དགོན་སྡེ་མང་པོར་ཕེབས་ཏེ་ཆོས་ཀྱི་གྲུ་ཆར་ཕབ། སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་དང་རྗེ་ཤེས་རབ་རྒྱ་མཚོ་སོགས་ལས་ཟབ་ཆོས་མང་དུ་གསན། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་དུ་ཕེབས་སྐབས་རྗེ་འདི་བས་གཟིམ་ཆུང་མཇལ་ཁ་ཞུས་པའི་ཚེ། རྒྱལ་དབང་མཆོག་ནས་ལྔ་པ་ཆེན་པོ་དངོས་སུ་འདུག་ཅེས་དགྱེས་ཉམས་ཆེན་པོ་གནང། ༸གོང་ས་མཆོག་ལ་དབང་ལུང་མན་ངག་གི་སྐོར་མཐའ་ཡས་པ་ཕུལ་བས་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་མ་ཧཱ་པཎྚི་ཏ་ཞེས་པའི་འཇའ་ས་དང། ཐམ་ག་གྲུབ་སྒོར། གདུགས་རྟ་དར་སོགས་གནང། དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོར་དབེན་པའི་གནས་མཆོག་བཀྲ་ཤིས་རྩེར་དགོངས་པ་རྫོགས། གསུང་རྩོམ་པོད་ལྔ་བཞུགས། |
{{#arraymap:ཞྭ་དམར་སྐུ་ཕྲེང་བཞི་པ་དགེ་འདུན་བསྟན་འཛིན་རྒྱ་མཚོ་
|; |@@@ | | }}