61183
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་པ་འདི་ཉིད་མདོ་སྨད་བྱང་རྒྱུད་ཀྱི་ཨ་རིག་ཆུ་སྟོད་མར། རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ཕྱི་ལོ་ ༡༩༡༤ ལོར་འཁྲུངས། ༸གོང་ས་བཅུ་གསུམ་པ་ཆེན་པོས་སྐུ་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད། ལ་མོ་བདེ་ཆེན་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་གཞུང་ཆེན་རྣམས་ལ་ཐུགས་གཉེར་གནང། རྗེ་བླ་ཁོ་རིན་པོ་ཆེ་དྷཱིཿཚར་གདན་དྲངས་ནས་ཟབ་ཆོས་མཐའ་ཡས་པ་གསན། དགུང་ལོ་ཉེར་བཞི་པར་ངྷཱིཿཚའི་ཁྲིར་ཕེབས། དགོན་སྡེ་མང་པོར་བྱོན་ནས་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཕབ། དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ཕྱི་ལོ་༡༩༥༢ ལོར་དགོངས་པ་རྫོགས། སྐུ་གདུང་ཞུགས་འབུལ་ཞུས་པར་མཁའ་སྤྱོད་མའི་སྐུ་ཤིན་ཏུ་བྱོན་ལེགས་པ་རང་བྱོན་དུ་ཕེབས་པ་སོགས་རྟགས་མཚན་ཡ་མཚན་པ་བྱུང། |
{{#arraymap:ཞྭ་དམར་སྐུ་ཕྲེང་ལྔ་པ་བློ་བཟང་བཤད་སྒྲུབ་བསྟན་པའི་རྒྱ་མཚོ་
|; |@@@ | | }}