61196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་ལུ་གསེར་ཁང་ (1)
Part of speech མིང་ཚིག
Definition རྒྱན་གོང་གཙུག་ལག་ཁང་འདི་ཀུན་གྱིས་ལོ་སྟོན་གྱིས་བཞེངས་ཟེར་བ་ན། ལྕེ་བཙུན་ཤེེེས་རབ་འབྱུང་གིས་རང་གིས་བཞེངས་ཟེར་བ་ཞིག་དགོས་སྙམ་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་མདའ་རྒྱང་གང་གི་སར་གནས་གཞི་ཞྭ་ལུ་ཙམ་བརྩིག་པའི་གནང་བ་ཞུས། ཕྱག་མདའ་གསེར་གྱིས་བཀང་བ་ལོ་སྟོན་གྱིས་འཕངས་པས་ད་ལྟའི་གཙང་ཁང་རྙིང་མའི་མདའ་བུམ་དུ་གྲགས་པ་དེ་ཡིན། མདའ་དེ་པད་ཁའི་ཞྭ་ལུར་ཕོག་པས་དཔལ་ཞྭ་ལུ། མདའ་གསེར་གྱིས་བཀང་བས་ན་གསེར་བཀང། ས་རྩི་ཁྲ་མོ་བཏང་བས་ན་ཁྲ་མོ་སྟེ་མཁས་གྲུབ་དུ་མའི་འབྱུང་གནས་དཔལ་ཞྭ་ལུ་གསེར་བཀང་ཁྲ་མོར་གྲགས་པ་འདི་ཉིད་རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་རྨང་གཞི་བཏིངས་སོ། ། ནང་རྟེན་ལ། སྤྱན་རས་གཟིགས་ཁ་སརྤ་ཎི་ཐུགས་ཀར་དགེ་སློང་མ་དཔལ་མོའི་སྐུ་མཆིན་བཞུགས་པ་ལྕེ་བཙུན་གྱིས་གསོལ་བ་བཏབ་པར་གསུང་ལན་གསུམ་བྱོན། ལུང་བསྟན་དང་པོ་ལྟར། རྡོ་རྗེ་གདན་ནས་ཇོ་བོ་ཁ་སརྤཎི་གདན་དྲངས་པར་འགྲོགས་དན་མཛད་མཁན་མགོན་པོ་བིང་དམར་ད་ལྟའང་ཞ་ལུའི་གནས་བདག་ཏུ་གནས་སོ། ལུང་བསྟན་གཉིས་པ་ལྟར། ཇོ་བོ་རྗེས་ཞྭ་ལུར་གདན་དྲངས་ཏེ་རབ་གནས་མཛད། ལུང་བསྟན་གསུམ་པ་ལྟར། སྐབས་དེར་ཇོ་བོ་རྗེས་ཆུ་བོ་པཀྵུའི་འགྲམ་ནས་ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་ཁྱད་པར་ཅན་འབྱོན་པར་འགྱུར་བའི་ལུང་བསྟན་མཛད་པ་ལྟར། ཐོག་མར་དགེ་བསྙེན་རྡོ་རྗེ་འབུམ་གྱིས་གཡས་རུ་གཙང་འགྲམ་དུ་གདན་དྲངས་ཏེ་བཞུགས་པར། དགེ་བཤེས་བརྩོན་འགྲུས་ཀྱིས་ཇོ་བོ་རྗེ་ངེད་ཞ་ལུ་བར་ལུང་བསྟན་པར་གསུངས་ནས་དེའི་སྐུ་ཚབ་ཏུ་འཛམ་བུ་ཆུ་གསེར་ལས་གྲུབ་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་བསྩལ་ཏེ་ཞ་ལུར་གདན་དྲངས། དེའི་སྐུ་མདུན་དུ་ཁ་སརྤ་ཎིའི་སྐུ་རྡོ་ཆུང་དུ་དེ་ཡང་སྨྲི་ཏིའི་ཕྱག་བཟོ་ཡིན་པས་བྱིན་རླབས་ཆེ། ཞ་ལུའི་གདན་ས་པ་ནི། ལྕེ་བཙུན་གྱིས་གཅུང་པོ་ཤེས་རབ་ཡེ་ཤེས་ལ་གཏད་དེ་ལྩེའི་གདུང་གིས་ཡུན་རིང་པོར་བསྐྱངས། དེ་ནས་ཞ་ལུ་ཉམས་རྒྱུད་ཆེན་པོ་བྱུང་བས། ལྕགས་ཕོ་སྤྲེལ་ལོར་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་ཁྲོ་ཕུ་ནས་བུ་སྟོན་རིན་པོ་ཆེ་དགུང་ལོ་ ༣༡ ལ་གདན་དྲངས། ཕྱི་ལོ་ ༡༣༢༩ ལོར་ས་ཡོམ་བྱུང་ནས་ཞ་ལུ་དགོན་པར་ཉམས་རྒུད་ཆེན་པོ་བྱུང་བར། ཕྱི་ལོ་ ༡༣༣༣ ལོར་བུ་སྟོན་རིན་པོ་ཆེས་བསྐྱར་བཞེངས་གནང་ནས་ད་ལྟའི་གཞི་ཁྱོན་འདི་ཆགས། ཞ་ལུ་བའི་གྲུབ་མཐའི་སྲོལ་བཏོད་ཅིང་། དེ་ནས་རིམ་པས་དགེ་འདུན་ལྔ་སྟོང་ལྷག་འདུས་ཤིང་། ཆོས་འཆད་མཁན་སྟོན་ཆེན་ཡང་བརྒྱ་ཁ་བུད་པ་སོགས་མདོར་ན། བུ་སྟོན་ཡབ་སྲས་གསུམ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་གྲངས་ལས་འདས་པ་བྱོན་ཡོད། དེ་ནས་བཟུང་བུ་སྟོན་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། དགོན་པ་འདིའི་འདུ་ཁང་སོགས་བོད་ལུགས་དང་། རྒྱ་ཕིབས་སོགས་རྒྱ་ལུགས་ལྟར་བཞེངས་པས་དགོན་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན། ཞ་ལུར་འདུ་ཁང་ཆེན་མོ་དང་། གྲྭ་ཚང་བཞི་ཡོད་རུང་། ད་ལྟ་སྟོར་སྐྱོན་མེད་པ་ནི་འདུ་ཁང་ཆེན་མོ་ཁོ་ན་གནས། ད་དུང་རྩ་ཆེན་གྱི་ཏ་ལའི་ལོ་མའི་གླེགས་བམ་དང་། འགྲོ་མགོན་འཕགས་པས་མཛད་པའི་སོག་ཡིག་གསར་པས་བྲིས་པའི་བཀའ་ཡིག བདུད་རྩིའི་ཟངས་བན། མ་ཎི་རང་བྱོན། ཙན་དན་གྱི་པར་ཤིང་སོགས་ཤིན་ཏུ་མང་།

{{#arraymap:ཞྭ་ལུ་གསེར་ཁང་

|; |@@@ | | }}