61197

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞྭ་ལུ་ཆོས་སྐྱོང་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ལྕགས་བྱ་ཕྱི་ལོ་ ༡༤༤༡ ལོར་འགོས་ཀྱི་རིགས་སུ་འཁྲུངས། རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་ ༡༥༢༧ ལོར་སྐུ་གཤེགས། ཆུང་ངུའི་དུས་ནས་ཞྭ་ལུ་དགོན་པར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་མནོས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཞྭ་ལུ་དགོན་པའི་གདན་ས་བསྐྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་མཛད། གདན་ས་ཐིལ་དང་། བདེ་ཆེན་ཡངས་པ་ཅན། ཨེ་ཝཾ་ཆོས་འཁོར་གླིང་། སྣེའུ་གདོང་། གྲ་ཐང་། ལྷ་སའི་གཙུག་ལག་ཁང་སོགས་སུ་བཞུགས། རབ་བྱུང་དགུ་པའི་མེ་ཕག་ཕྱི་ལོ་ ༡༥༢༧ ལོར་སྐུ་གཤེགས། ཞྭ་ལུ་དགོན་པའི་གདན་རབས་ཉི་ཤུ་པ་ཡིན། གསུང་རྩོམ་ནི་བྱེད་པ་ཅན་གྱི་འགྲེལ་བ་དང་། ཀ་ལཱ་པའི་བཤད་སྦྱར། ཀ་ལཱ་པའི་ཊིཀྐ ཀ་ལཱ་པའི་སྤྱི་དོན། སྒྲའི་བསྟན་བཅོས་མུན་པའི་སྒྲོན་མེ། སྐད་གཉིས་མཁས་པའི་རྣམ་བཤད། སྙན་ངག་མེ་ལོང་གི་གདན་བསྡུས། བརྡ་སྤྲོད་ཟ་མ་ཏོག རྟགས་འཇུག་གི་འགྲེལ་བ། ལུང་སྟོན་པ་བརྡའི་བསྟན་བཅོས་བཅས་དང་། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེ་འཆང་ཆེན་པོའི་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། སྐྱེས་རབས་ཀྱི་བསྟོད་པ། ས་དང་ཤིང་དང་རྡོའི་ཆོ་ག སྐྱེས་རབས་ཀྱི་དཀའ་འགྲེལ། རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་བཅས་ཆོས་ཚན་ཞེ་གཉིས་བཞུགས།

{{#arraymap:ཞྭ་ལུ་ཆོས་སྐྱོང་བཟང་པོ་

|; |@@@ | | }}