61287

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟག་པ་ (1)
Part of speech མིང་ཚིག
Definition གཡང་ལ་ལྷུང་བའི་བྱ་མིང་།
Example གཡང་སར་ཟག་པ་ལྟ་བུ།

{{#arraymap:ཟག་པ་

|; |@@@ | | }}

ཟག་པ་ (2)
Part of speech མིང་ཚིག
Definition བཤང་གཅི་མཆི་མ་སྣབས་སོགས་ལུས་ལས་བྱུང་བའི་མི་གཙང་བའི་རྫས།

{{#arraymap:ཟག་པ་

|; |@@@ | | }}

ཟག་པ་ (3)
Part of speech མིང་ཚིག
Definition མདོ། མངོན་པ། ཟག་པ་ལ་དབྱེ་ན། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་དང་གསུམ་ཡོད། འདོད་པའི་ཟག་པ་ཡོད་དེ། འདོད་པའི་སས་བསྡུས་ཀྱི་ཕྲ་རྒྱས་སུམ་ཅུ་རྩ་དྲུག་ཡོད་པ་ལས་མ་རིག་པ་ལྔ་པོ་མ་གཏོགས་པའི་སོ་གཅིག་དང་། འཆད་འགྱུར་གྱི་ཀུན་དཀྲིས་བཅུ་རྣམས་འདོད་པའི་ཟག་པ་ཡིན་པའི་ཕྱིར། སྲིད་པའི་ཟག་པ་ཡོད་དེ། གཟུགས་གཟུགས་མེད་ཀྱི་སས་བསྡུས་ཀྱི་ཉོན་མོངས་རྣམས་དེ་ཡིན་པའི་ཕྱིར། དེ་གཉིས་གཅིག་ཏུ་བསྡུས་པའི་རྒྱུ་མཚན་ཡོད་དེ། སྒྲིབ་བཅས་ལུང་མ་བསྟན་དུ་འདྲ་བ་དང་། ཁ་ནང་ལྟས་སུ་འདྲ་བ་དང་། མཉམ་གཞག་གི་སས་བསྡུས་པར་འདྲ་བས་དེ་ལྟར་བསྡུས་པའི་ཕྱིར། མ་རིག་པའི་ཟག་པ་ཡོད་དེ། ཉོན་མོངས་ཅན་གྱི་མ་རིག་པ་རྣམས་དེ་ཡིན་པའི་ཕྱིར། འདི་རྣམས་མ་རིག་པའི་ཟག་པ་ཞེས་ལོགས་སུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་དག་འཁོར་བའི་རྩ་བ་ཡིན་པ་དང་འདི་སྤང་ན་ཕྲ་རྒྱས་གཞན་རྣམས་སྤང་པར་འགྱུར་རོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཟག་པ་

|; |@@@ | | }}