61328

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟག་བཅས་ཀྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ཅིག་སྟེ། སྡུག་བསྔལ་བདེན་པའི་རྣམ་པ་སྟོང་བདག་མེད་གང་རུང་ལ་དམིགས་ཤིང་དེའི་རྣམ་པ་ཅན་གྱི་འཇིག་རྟེན་པའི་སྙོམས་འཇུག་དག་པ་བའི་ཏིང་ངེ་འཛིན་ཏེ། ས་བཅུ་ན་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྡུག་བསྔལ་བདེན་པའི་སྟོང་པ་དང་བདག་མེད་པ་གང་རུང་ལ་དམིགས་ཤིང༌། དེ་གཉིས་གང་རུང་གི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནོ། །ཞེས་དང་། མཆིམས་མཛོད་ལས། ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་ཟག་བཅས་འཇིག་རྟེན་པ་དག་པ་པ་དང༌། (དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ། ) ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལ་ཁོ་ན་རེ། ཟག་བཅས་ཀྱི་ཏིང་ངེ་འཛིན་གསུམ་པོ་དེ་འདོད་པ་མ་གཏོགས་པའི་ས་བཅུ་ན་ཡོད་པ་མི་འཐད་པར་ཐལ། དེ་གསུམ་པོ་འདོད་པ་སོགས་ཀྱིས་བཅུ་གཅིག་ན་ཡོད་པའི་ཕྱིར་ཏེ། འགྲེལ་པ་མངོན་པའི་རྒྱན་ལས། དེ་དག་ས་ནི་དང་པོ་འདོད་པ་དང་བསམ་གཏན་ས་དྲུག་དང་གཟུགས་མེད་བཞི་སྟེ་བཅུ་གཅིག་ན་ཡོད་ལ་ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། ཟག་བཅས་ཀྱི་ཏིང་ངེ་འཛིན་གསུམ་པོ་དེ་ལ་དངོས་དང་རྗེས་མཐུན་ཅི་རིགས་ཀྱི་དབང་དུ་བྱས་ན་འདོད་པའི་སས་བསྡུས་ཀྱང་ཡོད་པས་རྗེས་མཐུན་དང་བཅས་ནས་བཅུ་གཅིག་ན་ཡོད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། འོ་ན་ཁོ་རང་ལ། ཟག་བཅས་ཀྱི་ཏིང་ངེ་འཛིན་གསུམ་པོ་དེ་ལ་འདོད་པའི་སས་བསྡུས་མེད་པར་ཐལ། དེ་གསུམ་པོ་དེ་སྙོམས་འཇུག་དག་པ་བ་ཡིན་པའི་ཕྱིར་ཏེ། འགྲེལ་པ་དེ་ཉིད་ལས། ཏིང་ངེ་འཛིན་གསུམ་པོ་དེ་དག་ཟག་བཅས་འཇིག་རྟེན་པ་དག་པ་བ་དང༌། ཞེས་དང༌། དེའི་མཆན་བུར། དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཏིང་ངེ་འཛིན་གསུམ་པོ་དེ་ལ་འདོད་པའི་སས་བསྡུས་མེད་པར་ཐལ། དེ་གསུམ་པོ་གང་རུང་ལ་བདེན་པའི་རྣམ་པ་ཅན་ཡིན་པས་ཁྱབ་པ་རྩ་བའི་ལུང་གིས་འགྲུབ་པ་གང་ཞིག ། འདོད་པའི་སས་བསྡུས་ལ་བདེན་པའི་རྣམ་པ་ཅན་མི་འཇོག་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།