61332

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟག་བཅས་དང་ཟག་མེད་གཉིས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་གསུངས། དེ་རྣམས་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ནི། ཆོས་ཁམས་ཡིད་ཀྱི་ཁམས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་ལ་ཟག་བཅས་ཡིན་པ་དང་ཟག་མེད་ཡིན་པ་གཉིས་གཉིས་ཡོད། ལྷག་མ་ཁམས་བཅོ་ལྔ་པོ་ཟག་བཅས་ཁོ་ན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་གསུམ་ལམ་བདེན་གྱིས་མ་བསྡུས་པའི་འདུས་བྱས་རྣམས་ཟག་བཅས་དང་། དེས་བསྡུས་པའི་འདུས་བྱས་དང་འདུ་མ་བྱས་རྣམས་ཟག་མེད་ཡིན་པའི་ཕྱིར།
Domain ཆོས་ལུགས།