61335

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟག་བཅས་ཟག་མེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྤྱིར་ཟག་པ་ཉོན་མོངས་དང་བཅས་པ་ལ་ཟག་བཅས་དང་། དེ་དང་བྲལ་བ་ལ་ཟག་མེད་ཀྱི་དོན་དུ་འཇོག་པར་མངོན། འོན་ཀྱང་སྐབས་འདིར། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གཉིས་པ་ཟག་བཅས་ཟག་མེད་ཀྱི་དོན་བཤད་དུ་ཡོད་དེ། མཛོད་པ་ལྟར་ན། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་དུ་རྒྱས་པར་འགྱུར། །ཞེས་གསུངས་པ་ལྟར། དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པ་རྒྱས་རུང་དེ་ཟག་བཅས་དང། དེའི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བ་ཟག་མེད་དུ་འདོད། ཀུན་བཏུས་པ་ལྟར་ན། ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བའི་སྒོ་ནས་ཟག་པ་རྒྱས་རུང་དེ་ཟག་བཅས་དང། དེའི་སྒོ་ནས་ཟག་པ་རྒྱས་སུ་མི་རུང་བ་ཟག་མེད་དུ་འདོད། དབུ་མ་པ་སྤང་བྱ་དེའི་གཉེན་པོ་བྱེད་པའི་ཆ་ནས་ཟག་མེད་དང། མི་བྱེད་པའི་ཆ་ནས་ཟག་བཅས་སུ་འཇོག་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།