61338
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཛོད་ནས་བཤད་པའི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དག་ལས་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་ཏེ། འགོག་པ་མཐོང་བས་སྤང་བྱ་གསུམ་པོ་ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། དེ་དག་དང་མཚུངས་པར་ལྡན་པའི་མ་འདྲེས་པའི་མ་རིག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་གསུམ་པོ་དེ་དག་ཉིད་དེ། དྲུག་ནི་ཟག་པ་མེད་པ་ལ་དམིགས་པ་དག་ཡིན་པའི་ཕྱིར་ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཡིན་པས་དྲུག་པོ་དག་མ་གཏོགས་པའི་ཕྲ་རྒྱས་ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་དག་ལ་དམིགས་པ་ཡིན་ནོ། ། |
| Domain | ཆོས་ལུགས། |