61352
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ཅིག་སྟེ། འགོག་བདེན་གྱི་རྣམ་པ་བཞི་གང་རུང་ལ་དམིགས་པའི་ཟག་མེད་ཀྱི་ཏིང་ངེ་འཛིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། མཚན་མ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གསུངས་པ་ཇི་ལྟར་ཞེ་ན། མཚན་མ་མེད་པ་ཞེས་པ་ནི་མྱང་འདས་སོ་སོར་བརྟགས་འགོག་ལྟ་བུ་ལ་བྱེད་པ་སྟེ། དེ་ནི་གཟུགས་སོགས་ཡུལ་ལྔ་དང༌། ཕོ་མོ་དང༌། འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ་བཅུ་དང་བྲལ་བས་ན་མཚན་མེད་ཞེས་བྱ་བ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། འགོག་པ་ཞི་བ་སོགས་ཀྱི་རྣམ་པ་ཅན་ནོ། །ཞེས་དང་། མཆིམས་མཛོད་ལས། ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་ཟག་བཅས་འཇིག་རྟེན་པ་དག་པ་པ་དང༌། (དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ། ) འཇིག་རྟེན་ལས་འདས་པ་དྲི་མ་མེད་པ་གཉིས་ཡིན་ལ། ཞེས་གསུངས། མིང་གི་རྣམ་གྲངས། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ། དྲི་མེད་ཀྱི་མཚན་མ་མེད་པའི་ཏིང་ངེ་འཛིན། འཇིག་རྟེན་ལས་འདས་པའི་མཚན་མ་མེད་པའི་ཏིང་ངེ་འཛིན། |
| Domain | ཆོས་ལུགས། |