61375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཛོད་ནས་བཤད་པའི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དག་ལས་ཟག་པ་མེད་པའི་ཆོས་སྤྱོད་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་ཏེ། འགོག་པ་མཐོང་བས་སྤང་བྱ་གསུམ་པོ་ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། དེ་དག་དང་མཚུངས་པར་ལྡན་པའི་འབའ་ཞིག་པ་སྟེ་མ་འདྲེས་པའི་མ་རིག་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་གསུམ་པོ་དེ་དག་ཉིད་དེ། དྲུག་ནི་ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཏེ། དྲུག་པོ་དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་དག་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་དག་ལ་དམིགས་པ་ཡིན་ནོ། །རྒྱས་བཤད་ནི་འདི་ལྟར་སྟེ། འགོག་པ་ལ་དམིགས་པ་རང་གི་ས་པའི་འགོག་པ་ཁོ་ན་དང་། ལམ་ལ་དམིགས་པ་འདོད་སྤྱོད་རྣམས་ཀྱི་དམིགས་པ་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ཡིན་ཏེ། ཁམས་གསུམ་ཀའི་གཉེན་པོ་ཡང་ཡིན་ནོ། །གཟུགས་དང་གཟུགས་མེད་ན་སྤྱོད་པ་ས་བརྒྱད་པོ་རྣམས་ཀྱི་དམིགས་པ་ཡང་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་མཐུན་པའི་ལམ་ཐམས་ཅད་ཡིན་པས། དེའི་སྤྱོད་ཡུལ་ཅན་དེ་དག་འདིའི་ཡུལ་ཡིན་ནོ། །ཅིའི་ཕྱིར་ལམ་ནི་ཕན་ཚུན་རྒྱུ་ཡིན་པས་སོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དག་ཟག་མེད་ཀྱི་དམིགས་པར་མི་འདོད་པའི་རྒྱུ་མཚན་ནི། འདོད་ཆགས་མིན་ཏེ་དེ་སྤང་བྱ་ཡིན་པའི་ཕྱིར་རོ། །གནོད་པར་མི་བྱེད་པའི་ཕྱིར་ཞེ་སྡང་སྟེ་ཁོང་ཁྲོ་མིན། འགོག་ལམ་ཞི་བ་ཡིན་པའི་ཕྱིར་ང་རྒྱལ་མ་ཡིན་ལ། འགོག་ལམ་ཡང་དག་པའི་དོན་དུ་དག་པའི་ཕྱིར་ལྟ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་དེའི་དམིགས་པ་མིན་ནོ། ། |
| Domain | ཆོས་ལུགས། |