62095

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟོང་བརྡལ་བག་མ་ (1)
Part of speech མིང་ཚིག
Definition བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་བབས་སྤར་རང་ལོའི་སྲོག་ཁམས་ཀྱི་གྲོགས་ཁམས་ཡིན་པའི་སྤར་སྟེང་ངམ། ཡང་ན་མག་པའི་དུས་དེར་བབས་སྤར་དང་ཕན་ཚུན་བདུད་གཅོད་དུ་འགྲོ་བའི་སྟེང་དུ་བབས་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་སྙེ་བོ་དང་། རྟ་ཁྲིད། སྣ་བོན། ཁྱོ་བོ། རྟ་འབེབས་བཅས་ཀྱི་སར་ངན་པས། བཅོས་ཐབས་ལ་ལུག་ཕོ་མགོ་ནག་དང་གླང་བྲེ་གཉིས་སྦྲེལ་ནས་བག་མ་འོང་སའི་ཕྱོགས་སུ་འཇོག་དགོས་ལ། ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱང་གདོན་དགོས། གལ་སྲིད་རང་ལོ་ཕག་ཡིན་པའི་བུ་མོ་དག་ལ་ཆ་བཞག་ན། ཕག་གི་སྲོག་ཁམས་ཆུ་ཡི་གྲོགས་མེ་ཡིན་པས། མེ་ཁམས་ཡིན་པའི་སྤར་ཁ་ལི་སྟེང་དུ་བབས་སྤར་བབས་པའི་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་དང་། ཡང་ན་བུ་མོ་རང་ལོ་ཉེར་གསུམ་དང་བུ་རང་ལོ་ཉེར་གཅིག་ཏུ་སོན་པ་ཞིག་ལ་ཆ་བཞག་ན། དུས་དེར་འབབ་པའི་བུ་མོའི་བབས་སྤར་ཟིན་དང་བུའི་བབས་སྤར་གིན་གཉིས་ཕན་ཚུན་བདུད་གཅོད་ཡིན་པས། ལོ་དེ་རང་ལ་བུ་མོ་དེ་བུ་དེའི་སར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:ཟོང་བརྡལ་བག་མ་

|; |@@@ | | }}