62150
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྒྲིན་བུ་གཅམ་ལ་ཚིག་མང་བ། ཟོལ་སོགས་ཕྱར་གཡེང་སློབ་མ་སྟེ། བཀའ་ལ་སྒྲོ་སྐུར་འདེབས་པ་སྤང། ཞེེས་གསུངས་པས། དེ་ཡང་གཞན་མགོ་བསྐོར་བར་སྤྱང་གྲུང་དང་ལྡན་པས་གཞན་ལ་ངོ་བསྟོད་ཀྱི་ཚིག་མང་པོ་སྨྲ་བར་མཁས་ཤིང་། དོན་གྱི་མདོ་རྩ་ཤོར་བ་གཡེང་ལ་དགའ་བའི་སློབ་མ་སྟེ། དེ་ཉིད་ཀྱིས་བཀའ་ལུང་གི་དོན་སོགས་ལ་སྒྲོ་སྐུར་བྱེད་པས་སྤང་བྱར་བསྟན་ཏོ། ། |
Domain | ཆོས་ལུགས། |
{{#arraymap:ཟོལ་སོག་འཕྱར་གཡེང་སློབ་མ་
|; |@@@ | | }}