62165

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟྭ་ར་བ་བདེ་ལེགས་འོད་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་མི་གསལ། བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། དགེ་ཚུལ་སློང་གི་སྡོམ་པ་བཞེས། ཆོས་རྗེ་མཁར་ཆུ་བ་ཆོས་བསམ་འོད་ལས་འདུལ་བའི་ཆོས་སྐོར་སོགས་མདོ་སྔགས་ཀྱི་གཞུང་མང་ཞུས། སྒོམ་སྒྲུབ་པ་ཉམས་ལེན་ཡང་མཛད། རབ་བྱུང་ལྔ་པའི་ས་ཕག་ཕྱི་ལོ ༡༢༩༩ ལོར་གཡའ་བཟང་དགོན་པའི་གདན་སར་ཕེབས། འདུས་པའི་ཚོགས་བསྐྱངས། འཆད་ཉན་དང་སྒོམ་སྒྲུབ་ཀྱི་བྱ་བ་ལེགས་པར་མཛད། བཤད་སྒྲུབ་ཀྱིས་བསྟན་པ་གོང་འཕེལ་བཏང་། གདན་སར་ལོ་ངོ་ཉེར་བཞིའི་རིང་བཞུགས། རབ་བྱུང་ལྔ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་ ༡༣༢༢ ལོར་སྐུ་གཤེགས། གཡའ་བཟང་གི་གདན་རབས་ལྔ་པ་ཡིན།

{{#arraymap:ཟྭ་ར་བ་བདེ་ལེགས་འོད་

|; |@@@ | | }}