62167

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ་ ༡༢༠༧ ལོར་སྐུ་གཤེགས། མོན་འགར་པར་འཁྲུངས། འཁྲུངས་ལོ་མི་གསལ། གདུང་རུས་ནི་ཀླད་རུ་ཡིན། གཞོན་དུས་ནས་སྒོམ་བྱུང་གི་རྟོགས་པ་མངོན་དུ་གྱུར། ཕག་གྲུའི་དགོན་དུ་འགྲོ་མགོན་རྡོ་རྗེ་རྒྱལ་པོ་དང་མཇལ། དེ་ལས་ངོ་སྤྲོད་ཀྱི་ཁྲིད་ཅིག་མཛད་པར་རྟོགས་པ་ཁྱད་པར་ཅན་འཁྲུངས། མཚན་ལ་ཡང་སྐལ་ལྡན་ཡེ་ཤེས་སེང་གེ་ཞེས་གསོལ། དུས་ཕྱིས་སུ་གྲ་རབས་སུ་ཟྭ་ར་དགོན་པ་བཏབ། གཟིམས་ཁང་གི་བླ་རྫམ་གྱི་རྩིག་ངོས་སུ་རང་གི་སྐྱེས་རབས་མང་པོ་ཡང་བྲིས། འདུས་པའི་ཚོགས་བསྐྱངས། བཤད་སྒྲུབ་ཀྱི་བསྟན་པ་གསལ་བར་མཛད། གདན་ས་ཕག་མོ་གྲུར་ཡང་སྤྱིལ་མོ་ཆེ་རྩིག་པ་སོགས་གུས་ཞེན་ཆེ་བར་མཛད། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་གཡའ་བཟང་ཆོས་རྗེ་ཆོས་སྨོན་ལམ་ཡིན།

{{#arraymap:ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་

|; |@@@ | | }}