62177
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གླ་གོར་ཞོ་ཤ ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཕྲ་ལ་འཁྲིལ་ཤིང་གི་དབྱིབས་ཅན་ཕྱི་པགས་ལྗང་ནག་ཡལ་ག་དང་ཡལ་ཕྲན་གྱེས་པ། ལོ་མ་སྔོ་ལྗང་མཐུག་པ་སྒོར་ནར་གྱི་མཐར་ཉག་ག་གཡས་གཡོན་གཉིས་སུ་རེ་དང་དབུས་སུ་གཅིག་བཅས་གསུམ་རེ་ཡོད་པ། མེ་ཏོག་དཀར་པོ་སྲན་མའི་མེ་ཏོག་གི་དབྱིབས་འདྲ་ལ་དེ་ལས་ཆུང་བ་ལོ་མའི་བར་མཚམས་ནས་འཆར་བ། གང་བུ་ཕྲ་ལ་རིང་བའི་ནང་འབྲུ་ནག་ཁྲ་མཁལ་དབྱིབས་དོད་པ་དྲུག་རེ་ཙམ་ཡོད་པ། ཁྱད་པར་མིང་དང་མཐུན་པ་ཟླ་བ་ཕྱེད་པའི་དབྱིབས་ཅན། འགའ་རེར་དཀྱིལ་སྲབ་མཐའ་མཐུག་མཆེར་དབྱིབས་ཡོང་བ་བཟང་བ་སྟེ། སྐྱེ་གནས་རྒྱ་གར་དང༌། བལ་ཡུལ། ཉི་ཧོང། དེ་བཞིན་རྒྱ་ནག་གི་ཚ་བ་ཆེ་བའི་ས་ཁུལ་དུ་སྐྱེ་བ་མང་བ་དང༌། བོད་ཟླ་དགུ་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་འབྲུ་རྣམས་བསྐམས་ནས་ཉར་ཚགས་བྱེད་རྒྱུ་དང༌། བེད་སྤྱོད་སྐབས་སུ་བྱེ་མའི་ནང་རྗེན་དྲི་ཐོན་ཙམ་བརྔོས་ནས་སྤྱད་ཆོག རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་ལྕི་ལ་སྣུམ་པའོ། །ཕན་ནུས་མཆེར་པའི་ཚ་བ་སེལ་བར་བྱེད་པ་ཡིན། |
Domain | གསོ་རིག |
{{#arraymap:ཟླ་གོར་ཞོ་ཤ་
|; |@@@ | | }}