62195

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟླ་ཕྱེད་གདམས་ངག་མི་ནོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ན། བཅུ་གཉིས་སྡེ་རྣམས་དེ་ལྟར་མི་བྱེད་པ་ལས་སོ། །དགག་བྱ་ནི་བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་མི་བསྒྲུབ་པས་རང་གི་བསླབ་པ་ལ་གནོད་པའི་རྒྱུར་འགྱུར་བའོ། །གསོ་སྦྱོང་གི་དུས་ཀྱི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་དག་དགེ་སློང་མས་ཉན་པར་མི་བྱེད་ཉམས་སུ་མྱོང་བར་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་ལས་གདམས་ངག་མི་ཉན་པ་ནི། ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཟླ་ཕྱེད་གདམས་ངག་མི་ནོད་པའི་ལྟུང་བྱེད་

|; |@@@ | | }}