62293

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟླ་བའི་རྭ་བསེ་རོ་ཟློས་ (1)
Part of speech མིང་ཚིག
Definition རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་ཟླ་བ་སྟེ། གཤིན་པོའི་རང་ལོ་ཁྱི་ཡིན་པར་ཆ་བཞག་ན། འཆི་འཕོ་སྐབས་ཀྱི་ཟླ་བ་ནི་དཔྱིད་ཐ་འབྲུག་ལྟ་བུ་བདུན་ཟུར་གྱི་ཟླ་བ་དང་། སྟོན་ཐ་ཁྱི་ལྟ་བུ་རང་ཀེག་གི་ཟླ་བ། དཔྱིད་ཐ་འབྲུག་ལྟ་བུ་སྲོག་གི་དུར་ཞུགས་ཀྱི་ཟླ་བ། སྟོན་ཐ་ཁྱི་ལྟ་བུ་དུར་ཆུང་གི་ཟླ་བ། དཔྱིད་ར་སྟག་གམ་དབྱར་འབྲིང་རྟ་ལྟ་བུ་མཐུན་གསུམ་གྱི་ཟླ་བ། དབྱར་ཐ་ལུག་ལྟ་བུ་ཡར་གྱི་བཞི་གཤེད་ཀྱི་ཟླ་བ། དགུན་ཐ་གླང་ལྟ་བུ་ལོ་དཀར་ཆེ་བའི་ཟླ་བ། དབྱར་ར་སྦྲུལ་ལྟ་བུ་ལོ་དཀར་ཆུང་བའི་ཟླ་བ། དགུན་ར་ཕག་དང་དགུན་འབྲིང་བྱི་བ་ལྟ་བུ་སྲོག་གི་དགྲའི་ཟླ་བ། མཚེ་མ་དྲུག་གི་སྡེ་ཚན་གང་རུང་ཞིག་ཏུ་གཤིན་ལོ་དང་འདོམ་པའི་ཟླ་བ། ངན་ཀླུང་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པའི་ཟླ་བ་བཅས་ཡིན་པ་ལ་ཟེར་ཞིང་། དེ་དག་ལས་གང་གི་སྟེང་དུ་ཤི་ཡང་ཟླ་བའི་རྭ་བསེའི་བཏང་གཅོད་རྡེའུ་ནག་ཅིང་རོ་ཟློས་འབྱུང་བར་བཤད།
Domain རྩིས་རིག

{{#arraymap:ཟླ་བའི་རྭ་བསེ་རོ་ཟློས་

|; |@@@ | | }}