62343

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟླ་འོད་གཞོན་ནུ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ས་ལུག་ཕྱི་ལོ་ ༡༠༧༩ ལོར་དབུས་ལྷོའི་གཉལ་ཡུལ་དུ་ཡབ་རྙི་བ་སངས་རྒྱས་རྒྱལ་པོ་དང་། ཡུམ་ཤོ་མོ་ཟ་ཚེ་ལྕག་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་དར་མ་གྲགས་འབོད། དགུང་ལོ་ལྔ་པར་ཡབ་ལས་ཡི་གེའི་འབྲི་ཀློག་བསླབས། བདུན་པར་གསོ་རིག་སྦྱོང་བའི་དབུ་བཙུགས། རྒྱ་གར་གྱི་སྨན་པ་སྐྱེ་མེད་དང་། གཙང་པ་ལྷ་རྗེ་དབུ་གསིལ། བལ་པོའི་སྨན་པ་བི་ཇི་སྨན་གཞོན་བཅས་ལ་ལོ་ཕྱེད་བརྒྱད་བསྟེན་ནས་སྨན་དཔྱད་སྦྱངས། རྒྱ་ཁྱི་ཐན་གྱི་སྨན་པ་གཙུག་ཕུད་ཅན་སོགས་སློབ་དཔོན་བཅུ་གསུམ་བསྟེན། གསོ་རིག་ལོ་བཅུ་གསུམ་རིང་སྦྱངས། རྙིང་མའི་བླ་མ་འབར་རེ་ལས་རྙིང་མའི་ཆོས་སྐོར་དང་། ཤར་པ་ཡོན་ཏན་གྲགས་ལས་བཀའ་གདམས་ཀྱི་ལམ་རིམ་གསན། བཅུ་དྲུག་པར་མཆིམས་ཇོ་སྲས་ཀྱི་བུ་མོ་ཁབ་ཏུ་བཞེས། ཉེར་ལྔ་པར་རིག་མ་དང་སྲས་དང་བཅས་འདས། ཉེར་དྲུག་པར་དགེ་བཤེས་བློ་ལྡན་ཤེས་རབ་ལས་བསྙེན་པར་རྫོགས། མཚན་དགེ་སློང་བསོད་ནམས་རིན་ཆེན་གསོལ། ཉེར་བརྒྱད་པར་འགོང་སྟོན་དང་ལྷན་ཅིག་ཏུ་དབུ་རུ་བྱང་གི་ཕྱོགས་སུ་ཕེབས། སྙུག་རུམ་པ་བརྩོན་འགྲུས་རྒྱལ་མཚན་ལས་བཀའ་གདམས་ཀྱི་གདམས་ངག་མ་ལུས་ཞུས། སྒོམ་བསྒྲུབས་མཛད་དེ་ཉམས་རྟོགས་འཁྲུངས། རྗེ་མི་ལའི་ཐུགས་སྲས་སུ་གྱུར། དྭགས་ལྷ་སྒམ་པོར་དགོན་པ་བཏབ། དྭགས་པོ་བཀའ་བརྒྱུད་གསར་གཏོད་མཛད། བཀའ་བརྒྱུད་པའི་བསྟན་པ་བོད་ཁམས་སུ་དར་རྒྱས་མཛད། སོག་སོགས་རྒྱལ་ཁབ་གཞན་ཡང་དར། རབ་བྱུང་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༡༥༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྒམ་པོ་ཚུལ་ཁྲིམས་སྙིང་པོ་དང་། གསལ་སྟོང་ཤྭོ་སྒ། ཁམས་སྟོན་ཕག་མོ་གྲུ་པ། ཀརྨ་པ་དུས་གསུམ་མཁྱེན་པ། འབའ་རོང་དར་མ་དབང་ཕྱུག ཞང་འགྲོ་བའི་མགོན་པོ་བཅས་ཡིན། གསུང་རྩོམ་ནི་རྣམ་ཐར་དང་། ཚོགས་ཆོས། ཞུས་ལན། མགུར་སྣ་ཚོགས་བཅས་པོ་ཏི་གཉིས་བཞུགས།
Synonyms དར་མ་གྲགས་པ། དགེ་སློང་བསོད་ནམས་རིན་ཆེན། དྭགས་པོ་བསོད་ནམས་རིན་ཆེན།

{{#arraymap:ཟླ་འོད་གཞོན་ནུ་

|; |@@@ | | }}