62467

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཁར་བསིལ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཞི་གནས་ཀྱི་སྐབས་སུ་སྤོང་བ་པ་འདུ་བའི་དོན་དུ་འཁར་སིལ་གསུངས་པའི་དགོས་པ་ནི། བསམ་གཏན་པ་རྣམས་བསམ་གཏན་ལས་དལ་བུས་སློང་བའི་ཆེད་ཡིན་ཏེ། སྒྲ་ལྡན་འཁར་སིལ་འཁྲོལ་བ་ནི། །བསམ་གཏན་པ་རྣམས་གོ་བྱེད་ཉིད། །ཅེས་སོ། །འདིའི་མཚན་དོན་ནི། དུམ་བུ་གསུམ་བྱས་པ་བསླབ་པ་གསུམ་གྱི་བརྡའ། སྦུབས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པའི་བརྡའ། སྟོད་སྨད་གཉིས་ལྕགས་ལས་བྱས་པ་ནི་ཚུལ་ཁྲིམས་དང། ཤེས་རབ་ཀྱི་བསླབ་པས་སྤང་བྱ་རྣམས་ཕར་ལ་འཇོམས་ཤིང་ཚུར་མི་ཚུགས་པའི་བརྡའ། བར་ཤིང་ལས་བྱས་པ་ནི་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་ཏེ། ཏིང་ངེ་འཛིན་སྐྱེས་ན་སེམས་ལས་སུ་རུང་ཞིང་མཉེན་པའི་བརྡའ། ཡར་རྩེ་ལ་ཅུང་གཞོགས་བརྒྱད་བྱས་པ་ནི་འཕགས་ལམ་ཡན་ལག་བརྒྱད། ཨ་ལོང་གཅིག་ཡོད་པ་ནི་ཆོས་ཀྱི་འཁོར་ལོ་གཅིག་བསྐོར་བའི་བརྡའ། རྭ་བཞི་ནི་འཕགས་པའི་བདེན་པ་བཞི། རྭ་གཉིས་ནི་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ། རྭ་ལ་བཏགས་པའི་ཨ་ལོང་བཅུ་གཉིས་ནི་གསུང་རབ་ཡན་ལག་བཅུ་གཉིས། སྟེང་གི་མཆོད་རྟེན་གཉིས་ནི་ཆོས་སྐུ་དང། གཟུགས་སྐུ། ལྕགས་ཀྱུ་ནི་འགྲོ་བ་ངན་སོང་ནས་འདྲེན་པ་མཚོན། མར་རྩེའི་རྒྱ་མདུད་ནི་ངན་སོང་གི་སྒོ་འགེགས་པ། འབྲེང་པས་བཀྲིས་པ་ནི་བསླབ་གསུམ་ཟུང་དུ་འབྲེལ་བ། ལྕགས་སྟེང་མ་ལ་རྒྱ་མདུད་བྱས་པ་ནི་མཐོ་རིས་དང་ཐར་པའི་སྒོ་ཕྱེ་བ་མཚོན། འོག་མ་ལ་བདུན་གཞོགས་བྱས་པ་ནི་བྱང་ཆུབ་ཡན་ལག་བདུན་མཚོན་པར་བཤད་དོ། །གྲོང་དུ་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་པ་རྣམས་ལ་གོ་བར་བྱེད་པའི་བརྡའ་དང། ཁྱི་བསྲུང་བར་བྱེད་པས་ཁྱི་སྐྲོད་ཅེས་ཀྱང་བྱའོ། །མིང་གི་རྣམ་གྲངས་གཞན་སྲེག་ཤང་དང། སིལ་བྱེད་ཅེས་ཀྱང་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།