63249

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འགལ་བ་ལྷག་ལྡན་ (1)
Part of speech མིང་ཚིག
Definition མི་མཐུན་ཕྱོགས་མཐོང་མཐུན་ཕྱོགས་ལ། །མ་མཐོང་འགལ་བའི་ལྷག་ལྡན་ཡིན། །ཞེས་བྱ་བ། འགལ་བ་ལྷག་ལྡན་གྱི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་མི་མཐུན་ཕྱོགས་ལ་མཐོང་། མཐུན་ཕྱོགས་ལ་མ་མཐོང་ཡང་བཟློག་པ་མི་ཆོད་པའོ། །དབྱེ་ན་གསུམ་སྟེ། རྟགས་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་དཔེར་ན། ཐམས་ཅད་མཁྱེན་པ་ཡིན་ཏེ། སྨྲ་བའི་ཕྱིར་ལྟ་བུ། མེད་ཀྱང་མི་འགལ་བ། སྔོ་བསངས་ཡིན་ཏེ། ལྷས་བྱིན་གྱི་བུ་ཡིིན་པའི་ཕྱིར་ལྟ་བུ། འགལ་ཡང་མ་ངེས་པ། བྱས་པ་རྟག་པ་དང་འགལ་བར་མ་ཤེས་པ་ལ། རྟག་སྟེ། བྱས་པའི་ཕྱིར་ལྟ་བུའོ། །འགལ་བར་ཤེས་ན་འགལ་བའི་རྟགས་ཉིད་དོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། འགལ་བ་ལྷག་ལྡན་གྱི་མ་ངེས་པའི་མཚན་ཉིད། གང་ཞིག གང་ལ་རྟགས་སུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་ཡང་མཐུན་ཕྱོགས་ལ་མེད་པར་མ་ངེས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།
འགལ་བ་ལྷག་ལྡན་ (2)
Part of speech མིང་ཚིག
Definition སྒྲ་མི་རྟག་པར་སྒྲུབ་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱང་ཡིན། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་རྟག་པ་ལ་ཡོད་པར་ཚད་མས་ངེས་པ་ཡང་ཡིན་གཞི་མཐུན་པར་དམིགས་པ།