63255

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་ (1)
Part of speech མིང་ཚིག
Definition རང་རིགས་འཕེན་པའི་ཐལ་འགྱུར་བཞིའི་ནང་གསེས། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཚད་མའི་གནོད་འགལ་ཅན་གྱི་འགལ་བའི་ཁྱབ་བྱ་རྟགས་སུ་བཀོད་ནས་ཐལ་བ་འཕངས་པ་གང་ཞིག་བཟློག་ན་འགལ་ཁྱབ་དམིགས་པའི་རང་རྒྱུད་འཕེན་པ།
Example བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་གི་འཇིག་པ་རང་རྒྱུ་ལས་ཕྱི་འབྱུང་བའི་འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། རང་གི་འཇིག་པ་རང་རྒྱུ་ལས་ཕྱི་འབྱུང་བའི་འཇིག་རྒྱུ་གཞན་ལ་ལྟོས་པ་མིན་ཏེ། འཇིག་ངེས་ཡིན་པའི་ཕྱིར། ཞེས་བཟློག་པ་རང་གི་རིགས་གཅིག་པའི་རང་རྒྱུད་འཕེན་པའོ། །
Domain ཚད་མ།