63620

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:52, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འགྲམ་དགོན་པ་ (1)
Part of speech མིང་ཚིག
Definition འགྲམ་དགོན་པ་འདི་ནི་དེང་གི་གནས་ཡུལ། བལ་བོད་གཉིས་ཀྱི་ས་མཚམས་འགྲམ་གྲོང་ཚོའི་ཁོངས་སུ་ཆགས་ཡོད་ཅིང་། ཐོག་མར་ཡུལ་འདིའི་ཕུ་རུ་རྒྱལ་བ་རྒོད་ཚང་པས་སྒྲུབ་པ་མཛད་པའི་ཕུག་པ་དང་། རིམ་གྱིས་བླ་མ་སྟག་ཤམ་རས་པས་གདན་ས་མཛད་དེ་དགོན་པ་ཕྱག་བཏབ་པར་གྲགས། རྒྱ་དམར་གྱི་དུས་འགྱུར་དྲག་པོའི་འོག་ཕྱི་ལོ་ ༡༩༦༠ ལོར་དགོན་པ་སྤྱི་མཚུངས་བཞིན། རྟེན་བརྟེན་པ་དང་བཅས་པ་ཡོངས་རྫོགས་འཐོར་ཞིག་ཏུ་སོང་། སླར་ཡང་དགོན་འདིའི་དགེ་འདུན་པ་རྒན་གྲས་ཁག་དང་ཡུལ་མི་རྣམས་ཀྱིས་ཐུན་མོང་ཐོག། ད་ལྟའི་ཆགས་ཡུལ་འགྲམ་གྲོང་ཚོའི་དབུས་སུ་གདན་ས་གསར་བཞེངས་གནང་སྟེ། རྟེན་གཙུག་ལག་ཁང་དང་། བརྟེན་པ་སྐུ་གསུང་ཐུགས་རྟེན་གང་ཐད་ནས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དགེ་འདུན་བཞི་ཙམ་གྱིས་ཞི་ཁྲོ་ངེས་དོན་སྙིང་པོའི་ཆོ་ག་སོགས་ཀྱང་འབྲུག་བདེ་ཆེན་ཆོས་འཁོར་དགོན་པའི་ལུགས་ལྟར་ཚོགས་བཞིན་པ་བཅས་ཡིན་འདུག། །