From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
འགྲིག་ (1)
| Part of speech
|
བྱ་ཚིག
|
| Definition
|
མཐུན་སྒྲིལ་བྱུང་བའི་དོན།
|
| Keyword
|
True
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Future
|
[འགྲིག, གཏམ་ཡག་པོ་བཤད་ན་སུ་ཡིན་ཡང་འགྲིག་གི་རེད།]
|
| Present
|
[འགྲིག, དེང་སང་ཁོང་གཉིས་འགྲིག་གིན་པའི་སྐབས་རེད།]
|
| Past
|
[འགྲིགས།, གྱོད་དོན་འགྲིགས་ཟིན་པ་རེད་ལྟ་བུ།]
|
འགྲིག་ (2)
| Part of speech
|
བྱ་ཚིག
|
| Definition
|
འོས་འཚམས་བྱུང་བའི་དོན།
|
| Keyword
|
True
|
| Future
|
[འགྲིག, ཞྭ་མོ་དབུ་ལ་འགྲིག་ངེས་ཡིན།]
|
| Present
|
[འགྲིག, རྒྱན་གོས་འགྲིག་སྐབས་དགའ།]
|
| Past
|
[འགྲིགས།, ཆེ་ཆུང་འགྲིགས་སོང་ལྟ་བུ།]
|
འགྲིག་ (3)
| Part of speech
|
བྱ་ཚིག
|
| Definition
|
ཆེད་དུ་མ་བསྒྲིགས་ཀྱང་སྟབས་དང་ལྟས་དབང་གིས་བྱུང་ལེགས་པོ་བྱུང་བའི་དོན།
|
| Keyword
|
True
|
| Future
|
[འགྲིག, མཛད་སྒོ་ལ་རྟེན་འབྲེལ་འགྲིག་གི་རེད་སྙམ།]
|
| Present
|
[འགྲིག, རྟེན་འབྲེལ་འགྲིག་སྐབས་མེ་ཏོག་མཆོད།]
|
| Past
|
[འགྲིགས།, རྟེན་འབྲེལ་འགྲིགས་སོང་ལྟ་བུ།]
|
འགྲིག་ (1)
| Part of speech
|
མིང་ཚིག
|
| Definition
|
འདི་ནི་བོད་དུ་དར་ཞིང་རྒྱུན་དུ་རྩེད་སྲོལ་ཡོད་པ་ཞིག་ཡིན། རྩེད་མོ་འདི་ད་ལྟའི་བར་ཨོ་རྩལ་དུ་ཚུད་མེད། རྩེད་མོ་མཁན་གཉིས་ཀྱིས་རྩེ་དགོས་པ་ཞིག་དང་། སོག་པོ་དང་རྒྱ་ནག་ཏུ་ཡང་དར་ཡོད། རྡེའུ་དཀར་ནག་གཉིས་ཀ་གྲངས་ཀ་མང་ཉུང་མཉམ་པའི་སྒོ་ནས་སོ་སོའི་རྡེའུའི་བར་དུ་རྡེའུ་གཞན་དག་མེད་པར་གྲལ་འགྲིགས་པོ་བྱུང་ན་ཕར་ཕྱོགས་ཀྱི་རྡེའུ་ནས་གཅིག་ཟོས་ཆོག་པ་ཡིན། དེ་ལ་གསུམ་འགྲིགས་ཡིན་ཚེ་རྡེའུ་དཀར་པོ་བཅུ་གཉིས་དང་ནག་པོ་བཅུ་གཉིས་དགོས་ལ། བཞི་འགྲིགས་ཡིན་ན་རྡེའུ་དཀར་པོ་ཉི་ཞུ་རྩ་བཞི་དང་ནག་པོ་ཉི་ཤུ་རྩ་བཞི། ལྔ་འགྲིགས་ཡིན་ན་རྡེའུ་དཀར་པོ་སུམ་ཅུ་དང་ནག་པོ་སུམ་ཅུ་དགོས་ཤིང༌། གང་ལྟར་རང་ཕྱོགས་ཀྱི་རྡེའུ་གྲལ་གང་འགྲིག་ཐུབ་ཐུབ་དང༌། གཞན་ཕྱོགས་ཀྱི་རྡེའུ་གང་ཐུབ་ཅི་ཐུབ་ཀྱིས་གྲལ་འགྲིག་པོ་མི་ཡོང་བའི་ཐབས་བྱས་ཏེ་བཀག་པ་ཞིག་ཡིན་པས་མཐུན་སྒྲིལ་གྱི་རྩེད་མོ་ཡིན་པར་གྲགས། དཀར་པོ་འཇོག་གི་སྔོན་མ་དང་ནག་པོ་འདེད་ཀྱི་སྔོན་མ་ཡིན་ལ། རྡེའུ་གང་ཡིན་ལ་ལག་པས་རེག་ཚར་ན་ངེས་པར་དེ་ཁོ་ན་འདེད་དགོས་པ་མ་རྩའི་རྡེའུ་ལས་མ་ལྷག་ནས་རྡེའུ་རེ་རེ་བཞིན་གང་འདོད་དུ་བབ་ཆོག་པ་སོགས་ཀྱི་འགྲིག་ཁྲིམས་ཀྱང་མང་པོ་ཡོད།
|