63739
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གསུམ་པ་སྤྱོད་པའི་རིམ་པ་ལས་བྱུང་བ་སྟེ། ༡ སེམས་ཅན་དམྱལ་བའི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། གང་ཞིག་ཤི་བ་དེའི་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག ། དེ་བཞིན་ཆར་དང་ཁུ་རླུང་དང་། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མའོ། །༢ ཡི་དྭགས་ཀྱི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི ། རླུང་དང་བསེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང་། །ཆར་བབས་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་འགྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དྭགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མའོ། །༣ བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང་། །རྨུགས་ཤིང་ཉམས་མི་དགའ་བ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་པ། །འདི་ནི་བྱོལ་སོང་གནས་སུའོ། །༤ ལྷ་མ་ཡིན་གྱི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། ཤིན་ཏུ་དྲག་པའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང་། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །༥ ལྷའི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་བསེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །༦ མིའི་སྐྱེ་གནས་སུ་སྐྱེ་བའི་རྟགས་ནི། ཡང་ན་ནམ་མཁའ་གསལ་ལ་དྭངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང་། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། ། |
| Domain | ཆོས་ལུགས། |