63789

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འགྲོ་བའི་ལོངས་སྤྱོད་ལས་ཕྱིར་ལོག་པ་རྣམ་པ་དགུ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། སངས་རྒྱས་དང་ཉེ་བར་གྱུར་པས་ཕྱིར་ལོག་པ། བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་གྱུར་པས་ཕྱིར་ལོག་པ། ཡེ་ཤེས་ཀྱི་ས་དང་གྱུར་པས་ཕྱིར་ལོག་པ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱི་རྒྱུན་ཆད་པས་ཕྱིར་ལོག་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པར་གྱུར་པས་ཕྱིར་ལོག་པ། དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་ཉེ་བར་གྱུར་པས་ཕྱིར་ལོག་པ། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་བྱུང་བས་ཕྱིར་ལོག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཉམ་པ་ཉིད་དང་ལྡན་པས་ཕྱིར་ལོག་པ། འཇིགས་པ་དང་སྡང་བ་དང་བག་ཚ་བ་དང་བྲལ་བས་ཕྱིར་ལོག་གོ་ཞེས་མཆོག་ཏུ་དགའ་བ་བསྐྱེད་པའོ། །
Domain ཆོས་ལུགས།