From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
འགྲོལ་བའི་ལྡེ་མིག་མདོ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་སྤྱོད་པའི་འདྲེན་སྒོ་འགྲོལ་བར་བྱེད་པའི་མདོ་བཞི་སྟེ། དགོངས་པ་གཞན་པའི་མདོ་དང། ལྡེམ་པོ་ངག་གི་མདོ་དང། མཐུན་འཇུག་སྦྱོར་བའི་མདོ་དང། དོན་དམ་ངེས་པའི་མདོ་བཅས་བཞིའོ། །འདི་ལ་འགྲོལ་བར་བྱེད་པའི་མདོ་བཞི་ཞེས་ཀྱང་བརྗོད།
|
| Domain
|
ཆོས་ལུགས།
|
འགྲོལ་བའི་ལྡེ་མིག་མདོ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འགྲོལ་བར་བྱེད་པའི་མདོ་བཞི་སྟེ། སྐྱེ་བ་མེད་པ་དང། མཉམ་པ་ཉིད་དང། ཇི་བཞིན་པ་དང་། བརྩལ་བ་མེད་པ་བཅས་བཞིའོ། །
|
འགྲོལ་བའི་ལྡེ་མིག་མདོ་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ་དགོངས་པ་འདུས་པར་གསུངས་པའི་སྒོ་གསུམ་ལས་ངེས་པའི་གསང་སྒོ་འགྲོལ་བར་བྱེད་པའི་མདོ་བཞི་སྟེ། གང་ཐོས་པས་ངེས་པར་འབྱུང་བ་དང། གང་གིས་མཐོང་བས་ངེས་པར་འབྱུང་བ་དང། གང་གིས་མངོན་སུམ་པར་ངེས་པར་འབྱུང་བ་དང། གང་ནས་གང་དུ་ངེས་པར་འབྱུང་བ་མེད་པ་བཅས་བཞིའོ། །
|