63872

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འགྲོལ་བར་བྱེད་པ་མདོའི་ལྡེ་མིག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་གསང་བའི་མཛོད་སྒོ་འབྱེད་པའི་ལྡེ་མིག་གསུམ་གྱི་ཡ་གྱལ་ཞིག་ཏུ་གསུངས་ཏེ། དེའང་རྒྱལ་བ་ཀུན་གྱི་དགོངས་པའི་གསང་མཛོད་དམ་པར་འཇུག་པའི་སྒོ་རྣམ་གསུམ་སོ་སོའི་འགྲོལ་བར་བྱེད་པའི་ཐབས་མཆོག་མདོ་བཞིའི་ལྡེ་མིག་དག་གིས་སྒོ་བྱེ་བ་བཞིན་དུ་འགྲོལ་བར་བྱེད་པས་སོ། །ཕྱེ་ན་སྤྱོད་པའི་འདྲེན་སྒོ་འགྲོལ་བར་བྱེད་པའི་མདོ་བཞི་དང། ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འགྲོལ་བར་བྱེད་པའི་མདོ་བཞི་དང། ངེས་པའི་གསང་སྒོ་འགྲོལ་བར་བྱེད་པའི་མདོ་བཞི་བཅས་སོ། །འདི་ལ་འགྲོལ་བའི་ལྡེ་མིག་ཅེས་ཀྱང་བྱ།
Domain ཆོས་ལུགས།