63882

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འང་ (1)
Part of speech ཕྲད་ཚིག
Definition མཐུན་པའི་ཚིག་རྒྱན་ལ་འཇུག་པ། གཞི་གཅིག་གི་སྟེང་དུ་མཐུན་པའི་ཆོས་གཉིས་སྦྱར་ཞིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་འང་འཐོབ་པ་ཡིན།
Keyword True
Example མཛེས་པའང་ཡིན་ལ་མདོག་ཀྱང་དཀར་ལྟ་བུ།
འང་ (2)
Part of speech ཕྲད་ཚིག
Definition མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ། གཞི་གཅིག་ལ་མི་མཐུན་པའི་ཆོས་གཉིས་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་འང་འཐོབ་པ་ཡིན།
Keyword True
Example དམངས་ལ་བརྩེའང་དགྲ་བོ་འཇོམས་ལྟ་བུ།
འང་ (3)
Part of speech ཕྲད་ཚིག
Definition གང་ཞིག་སྡུད་བྱེད་ཀྱི་སྒྲ་དངོས་སུ་བཀོད་ནས། བརྗོད་འདོད་ཀྱི་དོན་གཞན་ཡང་ཡོད་པར་དངོས་ཤུགས་ཅི་རིགས་སུ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་འང་འཐོབ་པ་ཡིན།
Keyword True
Example ཨུཏྤལ་ཡང་ཡིན་ལ་སྔོན་པོའང་ཡིན་ལྟ་བུ།