64019

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཆི་བའི་སྲིད་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྔོན་དུས་ཀྱི་སྲིད་པ་རྫོགས་ནས་བར་སྲིད་སྐད་ཅིག་དང་པོའི་དངོས་རྒྱུར་གྱུར་པའི་དུས་མཐའི་སྐད་མའི་ངོ་བོར་གྱུར་བའི་སྲིད་པ་ཞིག་ལ་འཇོག དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འཆི་བའི་སྐད་ཅིག་ཐ་མ་གཅིག་པུ་དེ་ཡིན་ཏེ། འདི་དུས་མཐའི་སྐད་ཅིག་མར་ཐོགས་མེད་ཀྱིས་བཤད་པ་ལྟར་རོ། །ཞེས་གསུངས།
Domain ཆོས་ལུགས།
འཆི་བའི་སྲིད་པ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཐམས་ཅད་འགག་པ་ནི་འཆི་བའི་སྲིད་པ་སྟེ། དབང་པོ་དྲུག་ཡུལ་དང་རྣམ་པར་ཤེས་པ་དང་བྲལ་བ་ལ་བྱའོ། །ཞེས་གསུངས།