64027

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:54, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཆི་མེད་ཀིའུ་ཚང་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་བོད་ལྗོངས་དིང་རིའི་ཡུལ། རྩིབས་རིའི་རི་རྒྱུད་དུ་ཆགས་ཡོད། གྲུབ་དབང་ཤཱཀྱ་ཤྲཱིའི་དངོས་སློབ་སྐྱབས་རྗེ་ཁྲིད་དཔོན་རིན་པོ་ཆེ་ངག་དབང་པདྨ་ཆོས་རྒྱལ་མཆོག་དགུང་གྲངས་བདུན་ཅུ་དོན་གཉིས་ཕེབས་སྐབས། རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ ༡༩༥༠ ལོར་གསར་དུ་ཕྱག་བཏབ་པ་ཞིག་ཡིན་ཅིང་། སྐབས་དེར་འདུ་ཁང་ཀ་བ་བཞིའི་ནང་རྟེན་གཙོ་བོ་གསེར་ཟངས་ལས་བསྒྲུབས་པའི་རྒྱལ་བ་རྡོ་རྗེ་འཆང་དང་། དེའི་མཐའ་སྐོར་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། ལྡེབས་རིས་སུ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་མཚར་དུ་དངར་བ་རྟེན་དང་བརྟེན་པ་བཅས་པའི་བཀོད་པ་ཕུལ་དུ་བྱུང་བ་དང་། བླ་མ་རིན་པོ་ཆེའི་གཟིམས་ཆུང་། གསོལ་ཐབ། གཉེར་ཁང་བཞུགས་གཡབ་དང་བཅས་པ་སྟབས་བདེ་ཞིག་ཡོད། དགོན་གནས་འདིའི་རྒྱལ་སྒོ་ཕྱི་ནང་གཉིས་ཀྱི་ནང་གཉུག་མར་གནས་པའི་རབ་བྱུང་དགེ་འདུན་གྱི་སྡེ་ཞེས་གཙང་གི་ཚོགས་པ་ཉེར་སུམ་ལ་མཆོད་ཕོགས་དང་། རྒྱལ་སྒོའི་ཕྱི་ནང་གི་བར་དུ་དད་སྦྱིན་གོས་དཀར་ལྕང་ལོ་ཅན་དང་། ཕྱོགས་མཐའ་ནས་གློ་བུར་དུ་བྱོན་བཞུགས་ནར་མར་མཛད་པའི་མཇལ་བཅར་ཞུ་མི་ཁག་གི་བཞུགས་ཁང་ཉུང་ཤས་དང་། དགོན་གནས་འདིའི་འོག་ཏུ་ཕྱོགས་ཕེབས་ཀྱི་བཙུན་མ་རྣམས་ཀྱི་འཕྲལ་སེལ་སྡོད་ཤག་ཆུང་ཆུང་འགའ་ཞིག་བཅས་ཕྱིའི་རྟེན་བཀོད་པ་ཆགས་རབས་མདོར་ཙམ་དང་། ནང་དུ་བཤད་སྒྲུབ་ཉམས་ལེན་གཙོ་བོར་མཛད་པ། གཏན་མཚམས་སྒྲུབ་པ་པོ་བཞི། ལོ་རེས་སྐོར་གྱི་སྦུགས་སྒོ་འདག་སྦྱར་དང་། བྱིང་རྣམས་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ནས་ཟླ་བ་གསུམ་པའི་ཚེས་གཅིག་ཉིན་བར་སྐུ་མཚམས་དང་། གསུམ་པའི་ཚེས་གཅིག་ཉིན་སྦུག་སྒོ་བཤིག་སྟེ་བོད་ཟླ་གསུམ་པར་རྒྱལ་བའི་བཀའ་འགྱུར་དག་སྒྲོག་དང་། ས་ཟླར་འདས་གསོན་རྣམས་ཀྱི་ཆེད་དུ་ཞི་ཁྲོའི་ཚོགས་འབུལ་ཉིན་ཤས། གློ་བུར་བསྙེན་བཀུར་ཞུ་མི་ངེས་མེད་ཙམ་ལས་གཙོ་བོར་རྒྱུན་དུ་བླ་སློབ་ཐམས་ཅད་རྒྱལ་བ་གོང་མའི་མཛད་སྲོལ་ལྟར་ཐུན་སྔ་ཕྱི་བསམ་གཏན་ཐོག་ཐུགས་དམ་བཅད་རྒྱ་འབའ་ཞིག་མཛད། ཤིང་རྟ་ལོར་ཞལ་སློབ་བརྒྱ་ཕྲག་བརྒལ་བའི་གདན་ཐོག་གཅིག་ཏུ། ཨ་མི་དྷེ་ཝ། མ་ཎི། བཛྲ་གུ་རུ་བཅས་དུང་སྒྲུབ་རེར་ཚོགས་སྒྲུབ་བཅས་ཡོད། ས་ཁྱི་ ༡༩༥༨ ལོའི་ཟླ་བ་བཅུ་གཅིག་པའི་དམར་ཕྱོགས་ཀྱི་ཚེས་ ༢༣ ཉིན་སྐྱབས་རྗེ་རིན་པོ་ཆེ་ཞི་བར་གཤེགས། ༡༩༦༦ ལོར་རྒྱ་མིས་གཏོར་བཤིག་འོག་རྩིག་ཤུལ་ཙམ་དང། དེང་སྐབས་གནས་དེར་༧སྐྱབས་རྗེ་ཁྲིད་དཔོན་རིན་པོ་ཆེའི་གདུང་རྟེན་ཞིག་བཞེངས་འདུག་པ་ལས་གཞན་རྣམས་གྱང་གོག་རོང་ངེར་འདུག་པ་བཅས་སོ། །