64173
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་སྟོད་དུ་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་དང་། ཡུམ་འཇང་མོ་ཁྲི་བཙུན་གཉིས་ཀྱི་སྲས་སུ་འཁྲུངས། སྣའི་གཟེངས་མཐོ་བ་དང་། ཞང་བློན་རྣམས་ཀྱིས་ལྷ་ཡི་དབོན་པོ་ཡིན་ཞེས་པས་འཇང་ཚ་ལྷ་དབོན་ཞེས་གསོལ། རྟས་བསྐྱུར་ཏེ་འདས། ལོ་རྒྱུས་འགར་བློན་པོ་གཉགས་ཁྲི་བཟང་ཡང་སྟོན་གྱིས་རང་གི་བུ་མོ་འཇང་ཚ་ལྷ་དབོན་ལ་ཕུལ་ཡང་མ་བླངས་པས་བཀྲོངས་སོ་ཞེས་གསུངས། བང་སོ་ནི་མུ་ར་རི་ལ་བརྩིགས། |