64339
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བདུན་པའི་ས་བྱ་ཕྱི་ལོ་ ༡༤༢༩ ལོར་ཚལ་དུ་འཁྲུངས། གུང་རུ་ཆོས་བློ་དང་། སློབ་དཔོན་དཔལ་བློ་ལས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གནས་བརྟན་པ་ལས་འདུལ་བ་དང་མངོན་པ། བ་སོ་ཆོས་ཀྱི་རྒྱལ་མཚན་ལས་གསང་སྔགས་སོགས་མཁས་པར་སྦྱངས། ཁམས་ཕྱོགས་སུ་ཆོས་འཁོར་བསྐོར། སླར་དབུས་ཀྱི་བློ་གསལ་གླིང་གི་འཆད་ཉན་པ་ལོ་ཉི་ཤུ་ཙམ་མཛད། སྣེའུ་ནས་སྦྱིན་བདག་མཛད་དེ་འབྲས་སྤུངས་སུ་བྱམས་ཆེན་གྱི་སྐུ་བཞེངས། དོན་ལྔ་པར་རབ་བྱུང་བརྒྱད་པའི་ཆུ་ཕག་ཕྱི་ལོ་ ༡༥༠༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། ཆོས་རྗེ་ཆོས་ཀྱི་བཤེས་གཉེན། རྩེ་ཤར་ཆོས་རྗེ་བཟང་པོ། ཆོས་སྐྱོང་རྒྱ་མཚོ། ཉི་སྡིངས་བླ་མ་དཔལ་ལྡན་འོད་ཟེར། སེམས་སྤྲུལ་སྨོན་ལམ་སེང་གེ ཀོང་སྟོན་དཀོན་མཆོག་འབྱུང་གནས། འོལ་དགའ་དཀའ་བཅུ་བ་བློ་གྲོས་གྲགས་པ་སོགས་ཡིན། འབྲས་སྤུངས་གདན་སའི་མཁན་རབས་བརྒྱད་པ་ཡིན། |
| Synonyms | ཚལ་བ་ལེགས་པ་ཆོས་འབྱོར། འཇམ་དབྱངས་དགའ་བའི་བློ་གྲོས། |