64348
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་དབུས་ལྷ་ལྡན་དུ་སྐུ་འཁྲུངས། བཅུ་པར་རི་བོ་དགེ་འཕེལ་དུ་ཕེབས། འཇམ་དབྱངས་བཞད་པའི་རྡོ་རྗེའི་སྤྱན་སྔར་སྲད་རྒྱུད་ཀྱི་ཁྲིད་ལུང་རྫོགས་པར་ཞུས། བླ་མ་བློ་བཟང་ཚུལ་ཁྲིམས་དང་། ཐང་སག་པ་དངོས་གྲུབ་རྒྱ་མཚོ། འཁྲུལ་གཞི་མང་ཐོས་རྒྱ་མཚོ་སོགས་ལས་དགེ་ལྡན་པའི་ཆོས་སྐོར་མང་དུ་ཞུས། ས་སྐྱ་བླ་མ་ངག་དབང་ཀུན་དགའ་ལྷུན་གྲུབ་ནི་ཆོས་གསན་ཡུལ་གཙོ་བོ་ཡིན། ས་སྐྱའི་དམར་པོ་རྣམ་གསུམ་སོགས་ས་སྐྱའི་ཆོས་སྐོར་དང་། མདོ་སྔགས་ཀྱི་ཁྲིད་ལུང་མཐའ་ཡས་པ་ཞུས། གསང་སྔགས་ཀྱི་སྐོར་དབང་ལུང་ཁྲིད་གསུམ། ཆོ་ག་སྒྲུབ་ཐབས་ཕྱག་ལེན་བཅས་ལ་མཁས་པར་གྱུར། དབེན་གནས་རྣམས་སུ་བསྙེན་སྒྲུབ་ལན་མང་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ ༡༧༤༡ ལོར་སྐུ་འདས། གསུང་རྩོམ་ནི་གསོལ་འདེབས་དང་། བླ་མའི་རྣལ་འབྱོར། ཁྲིད་ཡིག་སྣ་ཚོགས། དབང་དང་རྗེས་གནང་། སྒྲུབ་ཐབས། ཟིན་བྲིས། གསན་ཡིག་བརྗེད་བྱང་། དཀར་ཆག་བཅས་པོད་ཆེན་ཞིག་བཞུགས། |
| Synonyms | བློ་བཟང་འཇམ་དཔལ་རྒྱ་མཚོ། མཉྫུ་ཤྲཱི་ས་མུ་ཧྲ། སུ་ཁ་བཛྲ། བྷུ་སུ་ཀུ་འཇམ་དབྱངས་བདེ་བའི་རྡོ་རྗེ། |