64380

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 14:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇམ་པའི་དབྱངས་ (1)
Part of speech མིང་ཚིག
Definition ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས། རྣམ་པ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ། ངག་གི་ཉེས་པའི་རྩུབ་རེག་དང་བྲལ་ཞིང༌། འཇམ་པའི་ཡོན་ཏན་དང་ལྡན་པའི་གསུང་དབྱངས་ཀྱི་བདག་ཉིད་དོ། །
Domain ཆོས་ལུགས།
Synonyms རྒྱལ་བའི་ཡབ། འཇམ་པའི་རྡོ་རྗེ། བརྟན་པའི་འཁོར་ལོ། རྡོ་རྗེ་རྣོན་པོ། བྱིས་པའི་བརྟུལ་ཞུགས། བློ་ཡི་གཏེར། ཟུར་ཕུད་ལྔ་པ། ཡེ་ཤེས་སྐུ། རལ་གྲི་འཛིན་པ། །སེང་གེ་བཞོན་པ། སེང་གེ་རྩེན། ཨུཏྤལ་སྔོ་ལྡན། འཇམ་དབྱངས། འཇམ་དཔལ་དབྱངས། མཉྫུ་ཤྲཱེགྷོཥ། མཉྫུ་ཤྲཱི། ངག་གི་དབང་ཕྱུག ངག་གི་རྒྱལ་པོ། སྨྲ་བའི་རྒྱལ་པོ། སྨྲ་བའི་ཁྱུ་མཆོག སྨྲ་བའི་དབང་ཕྱུག སྨྲ་བའི་ལྷ། གསུང་གི་མངའ་བདག ཚིག་བདག ་ཤེས་རབ་འཁོར་ལོ། གཞོན་ནུའི་སྐུ། བློ་གཏེར་མཆོག བློ་ཡི་བདག་པོ། ཡེ་ཤེས་མཛོད། གཙུག་ཕུད་འཛིན་པ། ཡེ་ཤེས་ཕུང་པོ། ཤེས་རབ་སྐུ། ཡེ་ཤེས་མེ་ལོང་། རལ་གྲི་ཅན།